༉ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ མོང་གོ་ལི་ཡ་ལུ་ རྒྱལ་ཁམས་གཟིགས་སྐོར་གནང་པའི་ཤུལ་ལས་ ཁ་ཙ་ ཐིམ་ཕུག་ལུ་ ལོག་ཕེབས་གནང་ཡི།
མོང་གོ་ལི་ཡ་གི་ ཕྱི་འབྲེལ་བློན་པོ་ བཱཊ་མུངཀ་ བཱཊ་ཚི་ཚེག་གིས་ ཅིང་གིསི་ཁཱན་གནམ་ཐང་ཚུན་ མི་དབང་རྒྱལ་བཙུན་རྣམ་༢ ཀྱི་ ཞབས་སྐྱེལ་བྱོན་པའི་ཁར་ དྲག་དམག་གིས་ སྟི་སྭོ་ཞུ་ཡོདཔ་ཨིན་པས།
ཉིན་གྲངས་༨ འབད་མི་ རྒྱལ་ཁམས་གཟིགས་སྐོར་ འགོ་དང་པ་དེ་ འབྲུག་དང་ མོང་གོ་ལི་ཡ་གི་བར་ནའི་ དོན་གཅོད་མཐུན་ལམ་ནང་ རྒྱལ་རབས་ཅན་གྱི་ དྲན་རྟགས་ཅིག་ཨིནམ་ད་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ མོང་གོ་ལི་ཡ་གི་ གཞུང་དང་མི་སེར་ དམིགས་བསལ་དུ་ སྲིད་འཛིན་ཁུ་རེལ་སུག་ ཨུག་ནཱ་གིས་ གཟིགས་སྐོར་སྐབས་ མི་དབང་སྐུ་འཁོར་ཚུ་ལུ་ མགྲོན་སྐྱོང་གང་དྲག་འབད་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡོདཔ་ཨིན་པས།
སྤྱིར་བཏང་ལམ་སྲོལ་དང་ ཆོས་འབྲེལ་ དེ་ལས་ ཕན་ཚུན་མཐའ་དོན་ཚུ་ནང་ ཆ་མཚུངས་མང་རབས་ཅིག་ཡོད་མི་དང་བསྟུན་ འབྲུག་དང་ མོང་གོ་ལི་ཡའི་བར་ན་ མཐུད་འབྲེལ་དམ་ཟབ་ཡོད་པའི་ཁར་ མི་དབང་རྒྱལ་བཙུན་རྣམ་༢ ཀྱི་ མཐར་འཁྱོལ་ཅན་གྱི་ གཟིགས་སྐོར་དེ་གིས་ ལྷག་པར་དུ་ རྒྱལ་ཁབ་༢ ཀྱི་དོན་ལུ་ སྣ་མང་མཉམ་འབྲེལ་རྒྱ་སྐྱེད་དང་ ཕན་ཚུན་ཁེ་ཕན་ས་ཁོངས་ཚུ་ནང་ མདུན་སྐྱོད་ཀྱི་ སྐུལ་ཤུགས་འབད་ཚུགས་ནི་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།

Advertisement