༉ རྒྱལ་ཁབ་ཀྱི་གནས་སྟངས་དེ་ གྱུར་བ་འགྱོ་དོ་ཡོད་མི་དང་བསྟུན་ རྒྱལ་ཁབ་ནང་ སྲིད་བྱུས་བསྟར་སྤྱོད་འབད་མི་ཚུ་གིས་ཡང་ སྲིད་བྱུས་ཚུ་ མ་འདྲཝ་སྦེ་ར་ ལག་ལེན་འཐབ་དོ་ཡོདཔ་ལས་ དེ་གིས་ ཕྱོགས་ཅིག་ལས་ དགའ་ཚོར་ཡོད་རུང་ ཕྱོགས་ཅིག་ལས་ སེམས་དང་མ་ལྡན་པའི་ གནས་སུ་ཡང་འཆརཝ་ཨིན་མས།
རྒྱུ་དངོས་ཀྱི་ཇོ་བདག་ཚུ་ལུ་ རྒྱུ་དངོས་ཁྲལ་བསྒྱུར་བཅོས་འབད་མི་གིས་ ཐེངས་ཅིག་དེ་ ཁོང་རའི་འོང་འབབ་དང་བསྟུན་ བཏབ་བཅུག་ཞིནམ་ལས་ རྒྱལ་ཁབ་ནང་ ཁྲལ་གྱི་སྲིད་བྱུས་དེ་ ལམ་ལུགས་དང་ གཞི་སྒྱུར་གཙོ་བོ་བཟུམ་ཅིག་སྦེ་ ཡོད་མི་དེ་ གཞུང་གིས་ ཡོངས་གྲགས་མེད་པའི་བྱ་རིམ་ལུ་ ག་ཅི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་ན་ཟེར་མནོཝ་མས།
ཁྲལ་རིགས་དེ་ མ་གཞི་ གཞུང་གི་འོང་འབབ་ཀྱི་ འབྱུང་ཁུངས་ཅིག་མེན་རུང་ གལ་གནད་ཅན་ཅིག་སྦེ་ར་ཡོདཔ་ད་ དེ་ཡང་ རོགས་ཤེས་རྟོགས་ཡོད་མི་གིས་ གསལ་བསྒྲགས་འབད་དོ་བཟུམ་འབད་བ་ཅིན་ ལག་ལེན་དེ་ཚུ་ག་ར་ རྒྱལ་ཁམས་དང་ མི་སེར་བར་ནའི་ མགོ་རྙོག་ཅན་གྱི་ གནད་དོན་ཅིག་སྦེ་ ཡོད་པའི་གྲོས་འཆར་དང་ མི་སྡེའི་ནང་ འདྲ་མཉམ་དང་ དྲང་བདེན་ཚུ་ དཔལ་འབྱོར་གྱི་ འཕེལ་ཚད་དང་བསྟུན་ ཁྲལ་གྱི་སྲིད་བྱུས་ལམ་ལུགས་དེ་ ཁྲལ་དང་ དཔལ་འབྱོར་གྱི་ལག་ཆ་བཟུམ་ཅིག་ཨིན།
གལ་སྲིད་ ད་ལྟོའི་ཁྲལ་གྱི་ སྲིད་བྱུས་ཚུ་ ཕོ་ཚོད་དང་ སྤྲོ་འཐུས་ དེ་ལས་ ཕབ་ཆག་ཚུ་ལུ་བརྟེན་སྡོད་པ་ཅིན་ དེ་ཚུ་སྐྱོན་ཅན་གྱི་ གནས་སྟངས་ནང་ཚུད་ནི་དང་ ད་རུང་ འོང་འབབ་ཁྲལ་༢༠༠༡ ཅན་མའི་བཅའ་ཁྲིམས་དེ་ རྙིངམ་ཐལ་ནི་དང་ ད་ལྟོའི་ཨང་ཅན་གྱི་ བདོག་གཏད་ཚུ་ལུ་ གཞི་སྒྱུར་འབད་མ་ཚུགས་པ་ཅིན་ དཔེར་ན་ དེང་སང་འཕྲུལ་རིག་ལམ་ལུགས་ཐོག་གི་ ཁེ་སང་བཟོ་མི་ཚུ་ལུ་ ཁྲལ་གྱི་སྒྲིག་གཞི་དེ་ ལམ་ལུགས་ཅིག་གི་ཐོག་ལུ་ གནས་མི་ཚུགས་དོ་ཡོདཔ་ལས་ འདྲ་མཉམ་དང་ དྲང་བདེན་འགྱོ་ཚུགས་པ་ལཱ་ཁག་འོང་།
རྒྱལ་ཡོངས་ནང་ དྲང་བདེན་གྱི་ ཁྲལ་དང་བཅས་པའི་སྒོ་ལས་ བྱ་སྟབས་མ་བདེཝ་ཡོད་པའི་གནད་དོན་ཚུ་ མི་སྡེའི་ནང་ ཐོན་དོ་ཡོདཔ་ལས་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ མ་ཕྱིས་པར་ དུས་ཚོད་ཁར་ཡོད་མི་དེ་ཡང་ རྒྱུ་དངོས་ཀྱི་ཁྲལ་བཏབ་མི་ཚུ་གིས་ ཁྲལ་གྱི་ལམ་ལུགས་བསྐྱར་ཞིབ་ལུ་ ལོ་རྒྱུས་སླབ་དོ་ཡོདཔ་བཞིན་དུ་ ཁྲལ་གྱི་འོང་འབབ་ཀྱིས་ ནང་འཁོད་ཀྱི་འོང་འབབ་ལུ་ ལྷན་ཐབས་འབད་རུང་ དོན་ངོ་མའི་ཐོག་ལུ་འབདཝ་ད་ ས་ཆ་ཌེ་སི་མཱལ་༡༣ ལུ་ ཧེ་མའི་ཁྲལ་དང་ཕྱདཔ་ད་ ད་རེས་ གསུམ་ལྟབ་ཀྱིས་ ཡར་སེང་སོང་ཡོདཔ་སྦེ་འདུག།
འབྲུག་གི་ཁྲལ་བཀལ་ནིའི་སྲིད་བྱུས་དེ་ ཧམ་མཐོ་སུ་ཅིག་སྦེ་འོངམ་ད་ དཔལ་འབྱོར་གྱི་གནས་སྟངས་ནང་ ཧེ་མ་དང་ ད་ལྟོའི་བར་ན་ ཁྱད་པར་གྱི་ལྷད་ཞུགས་མི་ལུ་ སེམས་དང་མ་ལྡནམ་སྦེ་ ལུས་ནི་དང་ ནང་འཁོད་ཀྱི་ ཡོངས་འབོར་ཚུ་ རྒྱ་ཆེཝ་སྦེ་ཐོབ་རུང་ དུམ་གྲ་ཅིག་བློ་ཁར་མ་བབས་པའི་ བརྡ་མཚོན་བཏོན་དོ་བཟུམ་འདུག།
ནང་འཁོད་འོང་འབབ་བསྡུ་ལེན་འབད་མི་གིས་ འོང་འབབ་ཀྱི་ཚད་གཞི་ རྒྱ་ཆེཝ་སྦེ་ར་ ཡར་སེང་སོང་ཡོདཔ་ད་ འབྲུག་གི་ གནད་དོན་ནང་ དོན་གཙོ་བོ་ཅིག་ ཕན་ཚུན་གྱི་འདྲ་མཉམ་མེད་མི་གིས་ མི་སྡེའི་ནང་ དགའ་བ་ཟེར་མིའི་བརྗོད་དོན་ཚུ་ལུ་ ཐོ་ཕོག་ནི་བཟུམ་འདུག།
ཁྲལ་རིགས་སྲིད་བྱུས་འདྲ་མཉམ་མ་སོང་མི་དེ་ཡང་ མཁས་མཆོག་གིས་ རྩིས་ཕབ་བལྟཝ་ད་ དངུལ་ཕོགས་ཐོག་ལུ་ ལཱ་འབད་མི་ཚུ་ ཁྲལ་ལས་ཟུར་ཐབས་མེད་པར་ གཞུང་གི་བྱ་རིམ་སྒྲིག་མི་ལུ་ བཏུབ་སྦེ་སྡོདཔ་ད་ སྦྱིན་བདག་ཕྱུགཔོ་ བཟའ་ཁང་སྦོམ་དང་ རྒྱུ་དངོས་ལེ་ཤ་ཡོད་པའི་ཁར་ སྣུམ་འཁོར་པ་ར་ཌོ་ཚུ་ནང་འོང་མི་ཚུ་གིས་ ཁྲལ་མཐོ་དྲག་ཡོད་པའི་ མགོ་རྙོག་གི་ ལོ་རྒྱུས་སླབ་སྟེ་ ལོ་བསྟར་བཞིན་དུ་ ཁེ་ཚོང་མེད་པར་ རྒུད་ཕོག་པའི་རྩིས་བཀོད་ཚུ་ འབད་སྡོདཔ་མས།
མ་གཞི་ ཁྲལ་རིགས་ཚུ་ ག་དེ་སྦེ་འབད་རུང་ འདི་དང་བསྟུན་པའི་ ངོས་ལེན་དང་ དང་ལེན་ཚུ་ ཚུལ་དང་ལྡནམ་སྦེ་ དགོཔ་ཡོདཔ་ལས་ ཁྲལ་སྤྲོད་མི་ཚུ་གིས་ ཁྲོམ་དཔོན་ལུ་ ང་བཅས་ཁྲལ་སྤྲོད་དེ་ཡོདཔ་ལས་ དགོས་མཁོ་ཅན་གྱི་འཁོར་ལམ་ བཅོག་གཡུར་ ཁྲོམ་ལམ་གློག་མེ་ གཙང་སྦྲ་ལྡན་པའི་ འཐུང་ཆུ་བཀྲམ་སྤེལ་ལ་སོགས་པ་ཚུ་ དགོཔ་སྦེ་སླབ་སྟེ་འབད་རུང་ ཁྲལ་རིགས་ཚུ་ ཐད་ཀར་དུ་ གཞུང་གི་འོང་འབབ་རྩིས་ཁྲ་ནང་ འགྱོ་དོ་ཡོད་མི་དང་ ཁྲོམ་དཔོན་ཚུ་ཡང་ གཞུང་གིས་གནང་མའི་གོང་འཕེལ་ལེགས་སྒྱུར་གྱི་ འཆར་དངུལ་ལུ་ རག་ལས་དོ་ཡོདཔ་ལས་ ཁོང་ལུ་ཡང་འབད་ཐབས་དེ་ཅིག་ར་ མི་མཐོང་མས།
དེ་འབདཝ་ལས་ ཁྲལ་རིགས་དང་བསྟུན་པའི་ མཐུན་རྐྱེན་ཚུ་ དགོཔ་ཡོདཔ་ལས་ ཁྲལ་ཡར་སེང་དང་འབྲེལ་བའི་ མཐུན་རྐྱེན་ཡང་ ཁྲལ་བཏབ་མི་ཚུ་ལུ་ར་ ཐོབ་དགོཔ་འདུག།