ཉིནམ་གསུམ་འབད་མི་ འབྲུག་རྩོམ་རིག་དང་ རིག་རྩལ་དུས་སྟོན་དེ་ སྤྱི་ཟླ་༨ པའི་ཚེས་༥ ལུ་ མཇུག་བསྡུ་ཡོདཔ་ད་ དུས་སྟོན་དེ་ མི་དབང་རྒྱལ་ཡུམ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ གཞི་བཙུགས་གནང་ཡོདཔ་བཞིན་དུ་ དུས་སྟོན་དེ་ སྤྱི་ལོ་༢༠༡༠ ལས་ ལམ་སྲོལ་དང་ རིག་རྩལ་ཚུ་ བརྗེ་སོར་འབད་ཡོདཔ་ཨིན་པས། དུས་ཅི་གི་ དུས་སྟོན་སྐབས་ འཛམ་གླིང་རྒྱལ་ཁབ་ནང་ལས་ སྲུང་རིགས་ཚུ་འབག་འོང་བའི་ཁར་ རྒྱལ་ཁབ་༡༤ ནང་ལས་ གསལ་བཤལ་པ་དང་ བཅའ་མར་གཏོགས་མི་༧༠ ཡོདཔ་ཨིན་པའི་གནས་ཚུལ།