པདྨ་ཆོས་སྐྱིད་(༣༠)དང་ ཀརྨ་དབྱངས་སྒྲོན་(༣༢) ཚེ་རིང་ལྷ་མོ་(༢༥) དེ་ལས་ བསམ་གཏན་སྒྲོལ་མ་(༢༤)གིས་ འཛམ་གླིང་རྒྱལ་ཁབ་ཚུ་ལས་ དོ་འགྲན་པ་༡༨ ཐོན་མི་ཚུ་དང་གཅིག་ཁར་ སྤྱི་ལོ་༢༠༢༤ ལོའི་ སི་ནོ་མེན་བང་རྒྱུག་འགྲན་བསྡུར་ནང་ བཅའ་མར་གཏོགས་ནི་ཨིནམ་ད་ ལ་ཡ་དང་ དགའ་ས་ བུམ་ཐང་གི་ གངས་གཤོང་བདའ་སྟེ་ འགོ་འདྲེན་འཐབ་ནི་ཨིན་མི་ བང་རྒྱུག་འགྲན་བསྡུར་དེ་ སྤྱི་ཟླ་༡༠ པའི་ཚེས་༢༤ ལས་༢༨ ཚུན་ ཨིན་པའི་གནས་ཚུལ།