ད་རིས་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ སུ་ད་ཀར་ ད་ལི་ལ་གིས་ ཕྱི་འབྲེལ་དང་ཕྱིར་ཚོང་ལྷན་ཁག་གི་ བློན་པོ་ཌི་ཨེན་ དུང་གེལ་ལུ་ དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་ གོ་རིམ་༢ པ་སྦེ་ དངུལ་ཀྲམ་ཐེར་འབུམ་༢.༥ གི་ ཤོག་འཛིན་ཅེག་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
འབྲུག་གཞུང་གི་ཁ་ཐུག་ལས་ བློན་པོ་ཌི་ཨེན་ དུང་གེལ་གྱིས་ གཞུང་ཚབ་དང་ རྒྱ་གར་གཞུང་ལུ་ བཀྲིན་དགའ་ཚོར་ཞུ་ཡོདཔ་ཨིན་པས།
དཔལ་འབྱོར་ལྷན་ཐབས་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༡༥ པོ་དེ་ སྤྱི་ལོ་༢༠༢༤ ཟླ་༥ པའི་ཚེས་༡༨ ལུ་ ནད་ཡམས་ལུ་བརྟེན་ དཔལ་འབྱོར་མར་ཉམས་འགྱོ་མིའི་དཀའ་ངལ་ སེལ་ཐབས་འབད་ནི་དང་ གཙོ་རིམ་ཅན་གྱི་ ལས་སྡེ་ཚུ་ བསྐྱར་གསོ་འབད་ནིའི་དོན་ལུ་ འགོ་འབྱེད་འབད་ཡོད་པའི་གནས་ཚུལ།