སྤྱི་ཟླ་༩ པའི་ཚེས་༥ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཐའི་ལེནཌི་གི་རྒྱལ་ས་ བེང་ཀོག་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ ཕེ་མི་ལི་ བི་ཟི་ནེསི་ ཨེགསི་པོ་ནེན་ཤེལ་དང་ ཅའོ་པར་ཡ་ ཨ་བའེ་རཱ་ཇ་གཞི་ཚོགས་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་ དམིགས་བསལ་ལས་རིམ་ཅིག་ནང་ དགེ་ལེགས་ཕུག་ཁྲོམ་གསར་པའི་སྐོར་ལས་ གསལ་བཤད་གནང་ཡོདཔ་བཞིན་དུ་ ལས་རིམ་དེ་ནང་ ཐའི་ལེནཌི་གི་ ཚོང་པ་མིང་གཏམ་ཅན་དང་ གོ་གནས་ཅན་གྱི་མི་ངོམ་ འབྲུག་གི་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ཀྱི་འཐུས་མི་ དེ་ལས་ དགེ་ལེགས་ཕུག་ཁྲོམ་གསར་པའི་ ལས་བྱེད་སྡེ་ཚན་གཙོ་ཅན་བརྩིས་ཏེ་ མགྱོནམ་༢༥༠དེ་ཅིག་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།