ཁ་ཙ་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་དང་སློབ་ཕྲུག་ མོང་སྒར་ཁྲོམ་དང་ ཡ་ལྡི་ཁྲོམ་གྱི་ ཚོང་པ་ཚུ་དང་གཅིག་ཁར་ ཕྱད་ཡོདཔ་ད་ དེ་བསྒང་ གནས་སོར་དང་ སློབ་ཕྲུག་ཚུ་གི་ལྟོ་ཕོགས་ འཆར་དངུལ་ ཐབས་རིག་ཐོན་ཁུངས་ ཁྲལ་ ལྟ་བཤལ་དང་གནམ་གྲུ་ཐང་ དཔལ་འབྱོར་ལྷན་ཐབས་འཆར་གཞི་འོག་ལུ་ སྐྱེད་མར་ཕབ་ཀྱི་སྐྱིན་འགྲུལ་ གསོ་བའི་མཁས་མཆོག་ སྨན་ཁང་ལས་བྱེད་པའི་ཕད་བདེ་ ཕྱགས་སྙིགས་འཛིན་སྐྱོང་ དེ་ལས་ ས་གནས་ས་ཁོངས་འཆར་གཞི་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་ཡོདཔ་བཞིན་དུ་ ལྡོག་ཕྱོགས་ཚོགས་པ་གིས་ གནད་དོན་དེ་ཚུ་ གཞུང་ལུ་ཕུལ་ནི་དང་ སྤྱི་ཚོགས་༤ པའི་ཚོགས་ཐེངས་༢ པའི་ནང་ བཙུགས་ནི་ཨིན་པའི་ ཁས་བླངས་འབད་ཡོད་པའི་གནས་ཚུལ།