སྤྱི་ཟླ་༡༠ པའི་ཚེས་༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ སྤ་རོ་སྤང་སྦིས་ས་ དུང་དཀར་རྫོང་ནང་སྦེ་ འགོ་འདྲེན་འཐབ་མི་ འབྲུག་གསར་བཏོད་གྲོས་འཛོམས་ཀྱི་ ཉིནམ་མཇུག་ལུ་ གསལ་བཤདཔ་དང་ མགྱོནམ་ཚུ་དང་གཅིག་ཁར་ ལྷན་བཞུགས་གནང་ཡོདཔ་ད་ ཉིན་གྲངས་༣ འབད་མི་ འབྲུག་གསར་བཏོད་གྲོས་འཛོམས་ཀྱིས་ སྐུལ་ནུས་ཅན་གྱི་ འཛམ་གླིང་དབུ་ཁྲིདཔ་དང་ གསར་བཏོད་འབད་མི་ཚུ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ཐོག་ལུ་ གནད་དོན་གཙོ་ཅན་ཚུ་ གྲོས་བསྟུན་འབད་ནིའི་དོན་ལས་ གཅིག་ཁར་འཛོམས་ཚུགས་ཡོད་པའི་གནས་ཚུལ།