ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཨི་ཊ་ལི་ རཱོམ་ལུ་སྦེ་ བཟའ་འཐུང་དང་སོ་ནམ་ལས་ཚོགས་ཀྱི་ འཛམ་གླིང་བཟའ་སྤྱོད་གྲོས་འཛོམས་ནང་ འབྲུག་གི་ངོ་ཚབ་སྦེ་ བཅའ་མར་གཏོགས་ཡོདཔ་ད་ བློན་ཆེན་གྱིས་ བཟའ་འཐུང་དང་སོ་ནམ་ལས་ཚོགས་ཀྱིས་ འབྲུག་ལུ་ རྒྱབ་སྐྱོར་འབད་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསལ་བཤད་འབད་ཡོདཔ་མ་ཚད་ འབྲུག་གི་ སོ་ནམ་དང་ ཨ་ལོ་ཚུ་གི་ ཟས་བཅུད་ཡར་དྲག་གཏང་ཐབས་ལུ་ རྩོལ་སྒྲུབ་གཙོ་ཅན་༢ འགོ་བཙུགས་ཡོད་པའི་སྐོར་ལས་ གསལ་བཤད་འབད་ཡོད་པའི་གནས་ཚུལ།