༉ ཤི་ལངྐ་ ཀོ་ལོམ་བོ་ལུ་ ཀོ་ཊི་ལ་ཝ་ལ་ ཌི་ཕེནསི་གཙུག་ལག་སློབ་སྡེའི་ནང་ སློབ་སྦྱོང་མཐར་འཁྱོལ་གྱི་ རྟེན་འབྲེལ་བརྩི་སྲུང་འབད་བའི་སྐབས་ སྨན་བཅོས་ནང་ ཨེམ་བི་བི་ཨེསི་ཤེས་ཚད་ མཐར་འཁྱོལ་མི་ ཌོག་ཊར་བདེ་ཆེན་དབང་མོ་གིས་ གཟེངས་ཐོན་གསེར་གྱི་རྟགས་མ་༩ ཐོབ་ཡོདཔ་ད་ དེ་ཡང་ སྐྱེ་ལྡན་རྫས་སྦྱོར་དང་ གཟུགས་ཁམས་རིག་པ་ གཟུགས་ཀྱི་རིག་པ་ སྨན་རིག་ ཨ་ལུའི་སྨན་བཅོས་ སེམས་ཁམས་རིག་པ་ ཨེམ་བི་བི་ཨེསི་གི་ ཆོས་རྒྱུགས་༢ པ་དང་ མཐའ་དཔྱད་ནང་ སྤྱིར་བཏང་དྲག་ཤོས་ དེ་ལས་ ཨེམ་བི་བི་ཨེསི་ལས་རིམ་ཡོངས་རྫོགས་ནང་ སྤྱིར་བཏང་དྲག་ཤོས་ཐོན་ནི་དེ་གིས་ གཟེངས་ཐོན་གསེར་གྱི་རྟགས་མ་ཚུ་ ཐོབ་ཡོད་པའི་གནས་ཚུལ།