སྤྱི་ཟླ་༡༠ པའི་ཚེས་༡༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ནུབ་ཨོསི་ཊེ་ལི་ཡ་གི་ སྲིད་བློན་ཧཱོན་ ཡོ་ཇར་ ཨེམ་ཨེལ་ཨེ་ལུ་ མཇལ་ཕྲད་གནང་ཡོདཔ་བཞིན་དུ་ སྲིད་བློན་དེ་ ནུབ་ཨོསི་ཊེ་ལི་ཡ་མངའ་སྡེའི་ གཞུང་གི་དབུ་ཁྲིད་ཨིནམ་ད་ ཁོ་དང་གཅིག་ཁར་ ས་གཏེར་དང་པེ་ཊོ་ལི་ཡམ་དང་ གྲུ་ཚུགས་ འཁོར་ལམ་ཉེན་སྲུང་གི་བློན་པོ་ དེ་ལས་ སྐྱེལ་འདྲེན་བློན་པོའི་ ལས་རོགསཔ་ཨིན་མི་ ཧཱོན་ ཌེ་བིཌ་ མའི་ཀཱལ་ ཨེམ་ཨེལ་ཨེ་ཡོད་པའི་གནས་ཚུལ།