༉ ཨ་ཛར་བའེ་ཇཱན་ བ་ཀུ་ལུ་ ད་ལྟོ་ འཚོགས་པའི་བསྒང་ཡོད་མི་ འཛམ་གླིང་སྤྱི་ཚོགས་གནམ་གཤིས་འགྱུར་བགྲོད་གྲོས་འཛོམས་༢༩ (ཀོཔ་༢༩)ཀྱི་ ཡན་ལག་བཟུམ་ཅིག་སྦེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཨ་ཛར་བའེ་ཇཱན་གྱི་ བློན་ཆེན་ཨ་ལི་ ཨ་ས་ཌོབ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་མ་ཚད་ ཀོཔ་༢༩ གྲོས་འཛོམས་ཀྱི་སྐོར་ལས་ གསུང་གྲོས་གནང་ཡོདཔ་བཞིན་དུ་ འབྲུག་དང་ ཨ་ཛར་བའེ་ཇཱན་བར་ནའི་ ཕན་ཚུན་མཐའ་དོན་གྱི་ གནད་དོན་ཚུ་གི་ཐོག་ལུ་ཡང་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།