ད་རིས་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་ནང་ གཞུང་གྲྭ་ཚང་གི་ ཚོགས་ཀྱི་སློབ་དཔོན་དང་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་རྣམ་༢ ཀྱིས་ གྲྭ་ཚང་ཆོས་སྡེ་ཁག་གི་ གསོ་བའི་འགོ་འདྲེན་པ་ཚུ་ གསོ་བའི་ལཱ་འབད་བའི་སྐབས་ ཕན་ཐོགས་འབྱུང་ནིའི་དོན་ལུ་དམིགས་ཏེ གསོ་བ་ལྷན་ཁག་དང་ གྲྭ་ཚང་ཆོས་དང་གསོ་བ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ རྩོམ་སྒྲིག་འབད་དེ་ཡོད་པའི་ གྲྭ་ཚང་གི་ གསོ་བའི་མཉམ་འབྲེལ་པའི་ ལམ་སྟོན་ཀི་དེབ་ཅིག་ གསར་བཏོན་འབད་ཡོདཔ་ཨིན་པས།
ཀི་དེབ་དེ་ནང་ ང་བཅས་རའི་ གཟུགས་ཁམས་འཕྲོད་བསྟེན་ སྒྲིང་སྒྲི་སྦེ་བཞག་ཐབས་དང་ ནད་གཞི་ཚུ་ གཅིག་གིས་གཅིག་ལུ་ འབུ་མ་བཅུག་པར་ བཞག་ནིའི་སྐོར་ལས་ བཀོད་དེ་ཡོདཔ་ཨིན་པས།
འདི་དང་འབྲེལ་ཏེ་ གསོ་བ་ལྷན་ཁག་གིས་ བླམ་དང་ སློབ་དཔོན་ དེ་ལས་ མཐའ་འཁོར་གྱི་ མི་མང་ལུ་ ཁྲག་ཤུགས་དང་ གུ་རམ་གྱི་ནད་གཞི་ ཡོད་མེད་ཀྱི་བརྟག་དཔྱད་ཚུ་ཡང་ འབད་ཡོད་པའི་གནས་ཚུལ།

Advertisement