༉ ཁ་ཙ་ སྤུ་ན་ཁ་ལུ་སྦེ་ འཛམ་གླིང་ཨ་ལུའི་ཉིནམ་ བརྩི་སྲུང་འབད་མིའི་ནང་ འབྲུག་གིས་ འཛམ་གླིང་མི་སྡེའི་ནང་ འཛུལ་ཞུགས་འབད་ཡོདཔ་ད་ སྤྱི་ལོ་༢༠༢༤ ལོའི་ བརྗོད་དོན་དེ་ཡང་ ཨ་ལུ་ཚུ་གི་ ཁའི་རང་དབང་དང་ རེ་འདོད་ཚུ་ ཁ་གསལ་རྐྱབ་ནི་ལུ་དམིགས་ཏེ་ མ་འོངས་པ་ལུ་ཉེན་ཟེར་ཨིན་པས།
གྲྭ་ཚང་ལྷན་ཚོགས་ཀྱིས་ འབྲུག་ཡུ་ནི་སི་ཨེཕ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་ལས་རིམ་ནང་ དགེ་སློང་༣༠༠ དེ་ཅིག་དང་ གྲྭ་ཚང་ལྟེ་བ་དང་ གཞུང་ རྫོང་ཁག་བདག་སྐྱོང་ དེ་ལས་ འབྲུག་ཡུ་ནི་སི་ཨེཕ་ལས་ འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།