༉ ཁ་ཙ་ ཐིམ་ཕུག་ལུ་སྦེ་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་ ཨོ་ནོ་ ཀི་ཅི་གིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ཕྱད་ཡོདཔ་ད་ ཞལ་འཛོམས་ཀྱི་སྐབས་ལུ་ བློན་ཆེན་གྱིས་ འབྲུག་ལུ་ འཕྲོ་མཐུད་རྒྱབ་སྐྱོར་དང་ ལེགས་སྨོན་གནང་མི་དེ་ལུ་ ཇ་པཱན་གཞུང་དང་ མི་སེར་ཚུ་ལུ་ ངལ་རངས་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
ཟུང་ཕྱོགས་མཐུན་ལམ་ སྒྲིང་སྒྲི་ཡོད་མི་དེ་ ལྷག་པར་དུ་ རྩ་བརྟན་བཟོ་ནི་དང་ རྒྱལ་ཁབ་༢ ཀྱི་བར་ནའི་ མི་སེར་དང་མི་སེར་གྱི་མཐུད་འབྲེལ་ ཡར་དྲག་གཏང་ནིའི་སྐོར་ལས་ གསུང་གྲོས་གཙོ་བོ་བཏོན་ཏེ་ གནང་ཡོད་པའི་གནས་ཚུལ།