མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་གི་ སྐུའི་འཁྲུངས་སྐར་དང་བསྟུན་ རྒྱལ་སྲས་མཆོག་སྤྲུལ་རིན་པོ་ཆེ་ འཇིགས་མེད་བསྟན་འཛིན་དབང་པོ་མཆོག་གིས་ དབུ་བཞུགས་ཐོག་ ཀུན་གསལ་ཕོ་བྲང་སྟོན་པ་རྡོར་ལྡན་མའི་ སྐུ་མདུན་ལུ་སྦེ་ རྟ་མགོ་གསང་ཆེན་རྡོ་རྗེ་ཐེག་པའི་ སློབ་སྦྱོང་སྤེལ་ཁང་གི་ དགེ་འདུན་པ་ཡོངས་ཀྱིས་ བླ་མ་རིགས་དྲུག་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ ཉིན་གྲངས་༣ ཀྱི་རིང་ མཆོད་པ་འབུམ་ཚོགས་གནང་མི་དེ་ སྨོན་ལམ་དང་ བཀྲ་ཤིས་ཕུན་སུམ་ཚོགས་པའི་སྒོ་ལས་ སྤྱི་ཟླ་༦ པའི་ཚེས་༦ ལུ་ ལེགས་པར་མཇུག་བསྡུ་ཡོད་པའི་གནས་ཚུལ།