༉ ཁ་ཙ་ ཐིམ་ཕུག་ལུ་སྦེ་ གསོ་བ་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ མིག་ཞར་སྨན་བཅོས་ལས་འགུལ་ གཞི་བཙུགས་འབད་མི་དང་ ཁྲི་འཛིན་ཨིན་མི་ ཌོག་ཊར་ ཇི་ཨོཕི་རི་ ཀ་རེག་ ཏ་བིན་དང་གཅིག་ཁར་ཕྱད་ཡོདཔ་ད་ དེ་བསྒང་ མི་མང་འཕྲོད་བསྟེན་གྱི་ གནད་དོན་སྦོམ་ཤོས་ཅིག་ཨིན་མི་ མིག་ཞར་དཀའ་ངལ་དེ་ སེལ་ཐབས་འབད་ནིའི་དོན་ལུ་ ལཱ་གཅིག་ཁར་འབད་ནིའི་ ཁས་བླངས་འབད་ཡོདཔ་མ་ཚད་ མིག་ཞར་སྨན་བཅོས་ལས་འགུལ་གྱི་ མཐར་འཁྱོལ་དང་ གྲུབ་འབྲས་གཙོ་བོ་ དེ་ལས་ འཕྲོ་མཐུད་རྒྱ་སྐྱེད་འབད་དགོ་པའི་ བརྩོན་ཤུགས་སྐོར་ལས་ གྲོས་བསྟུན་འབད་ཡོད་པའི་གནས་ཚུལ།