༉ ཁ་ཙ་ཕྱི་རུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཐི་རི་ཨིསི་ཊར་ཟ་ཁང་གི་ འཐུས་མི་ཚུ་དང་གཅིག་ཁར་ཕྱད་ཡོདཔ་ད་ དེ་བསྒང་ ཟ་ཁང་ལག་ལེན་པ་ཚུ་གིས་ ཕན་ནུས་ཆེ་བའི་ཚོང་འབྲེལ་ཐབས་བྱུས་ཚུ་ལུ་ གཙོ་རིམ་གཟུང་དགོཔ་སྦེ་ བློན་ཆེན་གྱིས་ རྒྱུད་སྐུལ་འབད་ཡོདཔ་མ་ཚད་ བརྩོན་ཤུགས་འདི་ཚུའི་ནང་ གཞུང་གི་རྒྱབ་སྐྱོར་ཡོད་པའི་ ཁས་ལེན་འབད་ཡོདཔ་བཞིན་དུ་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་གིས་ ཁོང་གི་ཚ་གྱང་ཚུ་ བསྐྱར་ཞིབ་ཐོག་ སེལ་ཐབས་འབད་ཞིནམ་ལས་ འོས་ལྡན་ཐབས་ལམ་ཚུ་ བཏོན་ནི་ཨིན་ཟེར་ཨིན་པས།
གྲོས་འཛོམས་ནང་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་གི་ བློན་པོ་དང་ དྲུང་ཆེན་ དེ་ལས་ ཆེ་རིམ་འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།