༉ ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འཛམ་གླིང་སྤྱི་ཚོགས་ཁས་བླངས་པའི་ བཀོད་ཁྱབ་མཉམ་འབྲེལ་བ་ ཊོའི་ལི་ ཀུར་བ་ནོབ་དང་གཅིག་ཁར་ ཕྱད་ཡོདཔ་ད་ འཛམ་གླིང་སྤྱི་ཚོགས་ཁས་བླངས་པ་གིས་ དུས་ཅི་གི་ རྒྱལ་སྤྱི་ཁས་བླངས་པའི་ཉིནམ་ འབྲུག་ལུ་ བརྩི་སྲུང་འབད་ནིའི་ གྲོས་ཐག་བཅད་མི་དེ་ལུ་ བློན་ཆེན་གྱིས་ ངལ་རངས་ཡོད་ལུགས་ཚུ་ བཤད་ཡོདཔ་མ་ཚད་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ རྒྱབ་སྐྱོར་སྒྲིང་སྒྲི་འབད་མི་དེ་ལུ་ཡང་ བཀའ་དྲིན་དགའ་ཚོར་ ཞུ་ཡོད་པའི་གནས་ཚུལ།