༉ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་གནང་ཡོད་པའི་ མགོན་པོའི་མདོས་ཆོག་དེ་ འགལ་རྐྱེན་བར་ཆད་ཚུ་ ག་ནི་ཡང་མེད་པར་ གྲོལ་གནང་ཡོདཔ་ཨིན་པས།
འབྲུག་མི་ཡོངས་ཀྱི་ སྤྱི་གཙུག་གི་ཉི་ཟླ་ བཀའ་དྲིན་འགྲན་ཟླ་དང་བྲལ་བ་ ཐུགས་རིག་རྣམ་པར་བཀྲ་བའི་ དཔལ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་པ་ལས་འཁྲུངས་པའི་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ ཆགས་གནངམ་དང་འབྲེལ་ དྲན་ཤེས་ཁྲོམ་དེ་ནང་ གཞུང་གྲྭ་ཚང་གི་ གསང་སྔགས་རྡོ་རྗེ་ཐེག་པའི་རྫོང་གཞི་ གསར་བཞེངས་གནང་ནིའི་དོན་ལུ་ སྤྲུལ་སྐུ་དམར་པོ་གིས་ གཞི་བཙུགས་མ་རྩ་དངུལ་ཀྲམ་ས་ཡ་༡༠ གཞུང་གྲྭ་ཚང་ལུ་ ལྷག་བསམ་རྣམ་པར་དག་པའི་སྒོ་ལས་ ཕུལ་ཡོདཔ་ཨིན་པས།
ལས་ཚོགས་སློབ་དཔོན་མཆོག་གིས་ དགེ་ལེགས་ཕུག་ལུ་ གསར་བཞེངས་གནང་པའི་བསྒང་ཡོད་པའི་ རྟ་བབ་མཆོད་རྟེན་ལུ་ གཟིགས་སྐོར་གནང་སྟེ་ ཐུགས་སྨོན་དང་ ཁྲུས་གསོལ་ཚུ་ཡང་ གནང་ཡོདཔ་ཨིན་པའི་གནས་ཚུལ།

Advertisement