༉ སྤྱི་ཟླ་༩ པའི་ཚེས་༢༡ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་གྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ ཐུགས་དགོངས་ལས་འཁྲུངས་པའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་དམིགས་ཏེ་ གཞུང་གྲྭ་ཚང་གི་ལས་སྣ་ གསང་སྔགས་རྡོ་རྗེ་ཐེག་པ་ལྟེ་བའི་ ལས་འགུལ་གྱི་ཡིག་ཚང་ཅིག་ སྒོ་འབྱེད་འབད་ཡོདཔ་ཨིན་པས།
ཡིག་ཚང་དེ་ཡང་ གྲྭ་ཚང་འདུས་དམངས་ཀྱི་ བཀའ་བཞིན་གཞི་བཙུགས་འབད་ཡོདཔ་དང་ ཡིག་ཚང་དེ་གི་ ལས་འགན་གཙོ་བོ་ར་ དྲན་ཤེས་ཁྲོམ་ནང་ གཞུང་གྲྭ་ཚང་གི་ ལས་འགུལ་གྱི་དོན་ལས་ རྒྱབ་སྐྱོར་གནང་མི་དང་ ཕྱིའི་སྦྱིན་བདག་ཚུ་གི་ བསུ་ལེན་དང་ རྒྱབ་སྐྱོར་ཚུ་ གཞུང་དང་ མཉམ་འབྲེལ་ཐོག་ འབད་ནི་ལུ་ གཞི་བཙུགས་འབད་ ཡོད་པའི་གནས་ཚུལ།