༉ ཆུ་ཁ་རྫོང་ཁག་གི་ སྨོན་ལམ་ཆེན་མོ་ཐེངས་༩ པ་དེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ དབུ་བཞུགས་ཐོག་ ཆུ་ཁ་རབ་སྡེའི་ བླམ་གནས་བརྟན་དང་ དགེ་སློང་ཚུ་གིས་ ད་རིས་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ བཀྲིས་ཆོས་གླིང་བཤད་གྲྭའི་ རྟེན་འབྲེལ་ཐང་ནང་སྦེ་ འགོ་འདྲེན་འཐབ་མི་ ལོ་བསྟར་གྱི་སྨོན་ལམ་ཆེན་མོའི་ནང་ དད་ཅན་སྐྱ་སེར་ཕོ་མོ་སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།
ཉིན་གྲངས་༥ འབད་མི་ སྨོན་ལམ་ཆེན་མོ་དེ་ སྤྱི་ཟླ་༡ པའི་ཚེས་༡༣ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།