༉ འབྲེལ་གཏོགས་ཅན་དང་ མི་སྡེ་ཚུ་ནང་ ཆུ་ཤོག་གི་ཕྱགས་སྙིགས་དེ་ གནད་དོན་ལེ་ཤ་ཅིག་གི་ཐོག་ལུ་ དོ་འགྲན་བྱུང་བཞིན་དུ་ཡོདཔ་ད་ དེ་ཡང་ དཀའ་ངལ་གྱི་འབྱུང་ཁུངས་གཙོ་བོ་ཅིག་ མི་སེར་ཚུ་གི་བྱ་སྤྱོད་དང་ མནོ་ལུགས་ལུ་དང་བསྟུན་འབད་ནི་དེ་གིས་ འདི་བཟུམ་གྱི་ གཙོ་རིམ་ཅན་གྱི་གདོང་ལེན་ཚུ་ ཕྱགས་སྙིགས་འཛིན་སྐྱོང་གདོང་ལེན་དང་ དཀའ་ངལ་བསལ་ནིའི་ ཆེ་མཐོའི་གྲོས་འཛོམས་ཅིག་ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ ཐིམ་ཕུག་ལུ་སྦེ་ འཚོགས་པའི་སྐབས་ གྲོས་བསྟུན་འབད་ཡོདཔ་ཨིན་པས།
ད་རེས་ཀྱི་ གྲོས་འཛོམས་དེ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ གྲོས་འཛོམས་ཐེངས་༦ འབད་མིའི་ གྲས་ལས་གཅིག་ཨིནམ་ད་ དེ་ཁར་ འཐུས་མི་ཚུ་ཡང་ ལྷོ་ཨེ་ཤི་ཡ་མཐའ་འཁོར་མཉམ་འབྲེལ་དང་ པི་ལིས་ལས་འགུལ་ ཡུ་ཨེན་ངོ་ཚབ་ གཞུང་ སྒེར་སྡེ་ ཞི་བའི་མི་སྡེ་ལས་ཚོགས་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཚུལ་མིན་འབད་མི་ཚུ་ལུ་ ཉེས་ཆད་དང་ འཐུས་ཚུ་བཀལ་བའི་ཁར་ ལག་ལེན་ཚུ་བསྟར་སྤྱོད་འབད་རུང་ དེ་གིས་ ཕན་ཐོགས་འབྱུང་མ་ཚུགསཔ་ད་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་གི་བློན་པོ་ མགོནམ་ཚེ་རིང་གིས་ བཤད་མིའི་ནང་ དེང་སང་གི་དུས་ལུ་ ཆུ་ཤོག་དང་འབྲེལ་བའི་ ཕྱགས་སྙིགས་ཀྱི་དཀའ་ངལ་ཚུ་ གནད་དོན་གཙོ་བོ་ཅིག་ལུ་ གྱུར་ཡོདཔ་ལས་ དེ་གིས་ མིའི་འཕྲོད་བསྟེན་དང་ མཐའ་འཁོར་གཉིས་ཆ་ར་ལུ་ འཇིགས་སྣང་ཚུ་འདུག་ཟེར་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ འབྲུག་གིས་ ཉིན་བསྟར་བཞིན་དུ་ ཕྱགས་སྙིགས་མེ་ཊིག་ཊཱོན་༡༧༢.༡༦ ཐོན་དོ་ཡོདཔ་ད་ ཐིམ་ཕུག་རྐྱངམ་གཅིག་ནང་ར་ རུལ་བ་བཏུབ་པའི་ཕྱགས་སྙིགས་ མེ་ཊིག་ཊཱོན་༤༠.༣ རེ་ཐོན་དོ་ཡོདཔ་མ་ཚད་ ཕྱགས་སྙིགས་ཕྱིར་སེལ་མ་རྐྱབ་མི་དང་ ཕྱགས་སྙིགས་ག་ལྷོད་བཀོག་མི་དེ་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་ལུ་ གདོང་ལེན་གཙོ་བོ་ཅིག་སྦེ་ ཡོདཔ་ཨིན་པས།
ཐིམ་ཕུག་དང་ ཕུན་ཚོགས་གླིང་གཉིས་ནང་ ཆུ་ཤོག་གི་ཕྱགས་སྙིགས་ མཐོ་ཤོས་ཡོད་མི་དེ་ཡང་ ལོ་བསྟར་བཞིན་དུ་ ཆུ་ཤོག་མེ་ཊིག་ཊཱོན་༡༨.༠༠༠ ལག་ལེན་འཐབ་ས་ལས་ ཕྱགས་སྙིགས་ནང་ ཆུ་ཤོག་མེ་ཊིག་ཊོན་༡༤.༠༠༠ ཐོན་དོ་ཡོདཔ་སྦེ་ཨིན་པས།
ལྷོ་ཨེ་ཤི་ཡ་མཐའ་འཁོར་མཉམ་འབྲེལ་གྱི་ ཡོངས་ཁྱབ་མདོ་ཆེན་ ནོར་བུ་དབང་ཕྱུག་གིས་ བཤད་མིའི་ནང་ ཆུ་ཤོག་གི་ཕྱགས་སྙིགས་ཀྱི་དཀའ་ངལ་དེ་ སྤྱིར་བཏང་འཛམ་གླིང་ནང་ཡོདཔ་ད་ དེ་ཚུ་བསལ་མ་ཚུགས་པར་ཡོད་ཟེར་ཨིན་པས།
འབྲུག་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་འཐུས་མི་ བུ་པིན་དར་ཀ་འུར་གྱིས་ བཤད་མིའི་ནང་ ཆུ་ཤོག་དང་འབྲེལ་བའི་ ཕྱགས་སྙིགས་ཀྱི་དཀའ་ངལ་ཚུ་ སྡེ་ཚན་ག་ར་ལུ་ བརྡ་སྤྲོད་འབད་དགོཔ་ཡོདཔ་ད་ དེ་ཡང་ དཔྱེ་འབད་བ་ཅིན་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ཞལ་འཛོམས་དང་ གོ་བསྡུར་ཞལ་འཛོམས་ཚུ་ ག་ཅི་ར་འཚོགས་རུང་ འགྱིབ་དམ་གྱི་རིགས་ཚུ་ ལག་ལེན་འཐབ་ནི་མེད་ཟེར་ཨིན་པས།
ཡུན་རིང་གི་དོན་ལུ་ མནོ་བསམ་བཏངམ་འདྲཝ་འབད་བ་ཅིན་ ཆུ་ཤོག་ལོག་བསྐྱར་བཟོ་འབད་མི་གིས་ཡང་ དཀའ་ངལ་བསལ་ནི་ལུ་ ཕན་ཐོགས་འབྱུང་མི་ཚུགས་ཟེར་ ཌོག་ཊར་ཨའུ་ལག་གིས་ བཤདཔ་ཨིན་པས།
རྒྱལ་ཁབ་དེ་ ནང་འདྲེན་ཤུགས་སྦེ་ འཐབ་དོ་ཡོད་པའི་ རྒྱལ་ཁབ་ཅིག་འབད་ནི་དེ་གིས་ ཆུ་ཤོག་གི་གདོང་ལེན་དེ་ སྦོམ་སྦེ་ར་འབྱུང་འོང་ཟེར་ཨིནམ་ད་ མཁས་མཆོག་ཚུ་གིས་ འབད་བ་ཅིན་ འབྲུག་གི་ད་ལྟོའི་གདོང་ལེན་འབྱུང་མི་དེ་ གཞན་ལུང་ཕྱོགས་རྒྱལ་ཁབ་ཚུ་དང་ཕྱདཔ་ད་ དེ་ཅིག་ར་ མེན་མས་ཟེར་ཨིན་པས།
འབྲུག་གིས་ སྤྱི་ལོ་༢༠༣༠ གི་ ནང་འཁོད་ལུ་ ཕྱགས་སྙིགས་མེད་པའི་ གྲུབ་འབྲས་མཐར་འཁྱོལ་འབྱུང་ཚུགསཔ་ བཟོ་ནི་དེ་ཨིནམ་ད་ འགོ་དཔོན་ཚུ་གིས་ ས་ཁོངས་ཚུ་ནང་ ལམ་ལུགས་དང་ སྒྲིག་གཞི་ཚུ་ལེགས་ཤོམ་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ དྲིས་བ་བཀོད་མི་ཚུ་ དོན་དང་ལྡནམ་སྦེ་ ལག་ལེན་འཐབ་ཡོད་མེད་ཚུ་ཡང་ སླབ་དོ་ཡོདཔ་ཨིན་པས།
རྫོང་ཁག་༢༠ ནང་ ཕྱགས་སྙིགས་བཀོག་ས་༢༧ མ་གཏོགས་མེདཔ་ལས་ དེ་གིས་ ལང་མི་ཚུགས་དོ་ཡོདཔ་ད་ ཕྱགས་སྙིགས་བཀོག་ས་ལྟེ་བ་དང་ ཕྱགས་སྙིགས་བསྐྱར་བཅོས་འབད་ནི་ཚུ་ ལེགས་ལྡན་མེད་མི་གིས་ ཧེང་སྐལ་ར་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
མི་སེར་དག་པ་ཅིག་གིས་མ་གཏོགས་ ཕྱགས་སྙིགས་ཀྱི་ཚོང་འབྲེལ་འཐབ་ནིའི་ནང་ སྤྲོ་བ་བསྐྱེད་མི་མེདཔ་ལས་ དེ་གིས་ གནས་སྟངས་དེ་ སྐྱོ་དྲགས་སྦེ་ར་ སྡོད་ནི་བཟུམ་ཡོད་པའི་གནས་ཚུལ།
ཚེ་རིང་དབང་འདུས།