༉ འདས་པའི་ཟླཝ་༢ ཀྱི་ཧེ་མར་ ཐིམ་ཕུག་བཟོ་བཀོད་འཆར་གཞི་༢༠༢༣-༤༧ ཅན་མའི་ཆ་ཤས་ ཁྲོམ་རྒྱ་སྐྱེད་བཟོ་བཀོད་ལག་ལེན་དོན་ལུ་ ཐིམ་ཕུག་ཁྲོམ་སྡེ་གིས་ ཟླཝ་གསུམ་གྱི་རིང་ བཟོ་སྐྲུན་དང་ ས་ཁྲམ་སྤོ་སོར་ལ་སོགས་པའི་ ལཱ་འབད་ནིའི་རིགས་ཚུ་ བཀག་ཆ་འབད་བཞག་ཡོདཔ་ཨིན་པས།
འདི་བཟུམ་གྱི་ གནས་སྐབས་བཀག་དམ་འབད་བཞག་མི་དེ་ སྤྱི་ལོ་༢༠༢༤ ཟླ་༡༡ པའི་ཚེས་༡༥ མཇུག་བསྡུ་ནི་དང་ འདི་ལས་འགོ་བཙུགས་ བཟོ་བཀོད་གསར་པའི་ཐོག་ལུ་ ལཱ་ཚུ་འབད་ནི་ཨིན་པས།
གཞི་རྟེན་དང་སྐྱེལ་འདྲེན་ལྷན་ཁག་གི་ འགོ་དཔོན་གྱིས་ བཤད་མིའི་ནང་ དུས་ཚོད་དེ་ཁར་ ལྷན་ཁག་གི་ཁྲོམ་སྡེའི་མཁས་མཆོག་ཚུ་ སྦྱོང་བརྡར་འབད་ནི་དང་ དེ་ཁར་ བཟོ་བཀོདཔ་དང་ ཁྲོམ་སྡེ་འཆར་གཞི་བརྩམ་མི་ པར་རིས་མཁནམ་ བཟོ་རིག་འགོ་དཔོན་ཚུ་ བྱ་རིམ་གསར་པའི་དོན་ཚན་དང་འཁྲིལ་ ལཱ་འབད་ནི་ཨིན་པས།
སྦྱོང་བརྡར་དེ་ འདས་པའི་གོང་འཕེལ་ཚད་འཛིན་སྒྲིག་གཞི་ལས་སྦེ་ ཁྲོམ་གྱི་གནས་རིམ་དང་བསྟུན་འབད་ནི་ཨིན་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
དེ་ཡང་ ཧེ་མའི་ གོང་འཕེལ་ཚད་འཛིན་སྒྲིག་གཞི་བཟུམ་སྦེ་མེན་པར་ སྒྲིང་ཁྱིམ་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ བྱ་རིམ་གསར་པའི་ཐོག་ ཁྲོམ་སྡེ་མཐའ་འཁོར་དང་ ཁྲོམ་གྱི་ཆ་ཚུལ་ དེ་ལས་ ཁྲོམ་ཚོགས་ལ་སོགས་པ་ཚུ་ཡོདཔ་ཨིན་པས།
དེ་གི་བཟོ་བཀོད་དེ་ཡང་ ཁྲོམ་གྱི་གནས་དོན་ཁག་བདུན་གྱི་ གནས་ཚད་ཐོག་ལུ་ ཁྲོམ་གོང་འཕེལ་དང་ ཡུནབརྟན་ཡར་དྲག་ དེ་ལས་ གདོང་ལེན་ཚུ་འབད་ནི་ཨིན་པས།
བཟོ་བཀོད་ཀྱི་བྱ་རིམ་དེ་གིས་ སྒྲིག་གཞིའི་ལག་ཆས་བཟུམ་ཅིག་སྦེ་ ཁྲོམ་གྱི་འཆར་གཞི་དང་ ལམ་སྟོན་གོང་འཕེལ་ཐོག་ལས་ འཆར་གཞི་ལུ་དམིགས་ཡུལ་བསྐྱེད་དེ་ ལཱ་འབད་ནིའི་རེ་བ་ཡོདཔ་ཨིན་པས།
ང་བཅས་ཀྱི་དམིགས་ཡུལ་དེ་ མི་མང་གི་ས་ཁོངས་ མཐའ་འཁོར་ལས་ཕར་ འཆར་སྣང་དང་ རེ་འདོད་ཚུ་ འགྲུབ་ཚུགསཔ་འབད་ནི་ཨིན་ཟེར་ཨིན་པས།
འཆར་སྣང་དེ་འགྲུབ་ནིའི་དོན་ལུ་ ཁྲོམ་གྱི་བཟོ་བཀོད་སྒྲིག་གཞི་གིས་ སྒྲིག་གཞི་ལམ་སྟོན་ཐོག་ བཟོ་བཀོད་ལུ་ ལྷན་གྲོགས་འབད་ནི་དང་ ཡིག་ཆ་བཟོ་ནི་ མི་མང་གི་གནས་སྟངས་ཚུ་ག་ར་ འཆར་གཞི་ནང་ཚུདཔ་སྦེ་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ གྱི་འཆར་གཞི་དེ་གིས་ ས་ཆ་ལག་ལེན་དང་ གོང་འཕེལ་ཐོག་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ སྒྲིག་གཞི་དང་ ཆ་མཐུནམ་སྦེ་ འབད་ནི་ཨིན་པས།
ད་ལྟོ་ཡོད་པའི་ཁྲོམ་གྱི་ མཐོང་སྣང་དང་ ལག་ལེན་ཚུ་ མཛེས་ཆ་དང་ལྡནམ་སྦེ་ བཟོ་བཀོད་འབད་ནི་ཨིནམ་བཞིན་དུ་ དེ་གིས་ ཡུན་བརྟན་གོང་འཕེལ་ལག་ལེན་ལུ་ རྒྱབ་སྐྱོར་ཚུ་ འབད་ནི་ཨིན་ཟེར་ཨིན་པས།
འདི་དང་འབྲེལ་ སྤུས་ཚན་ཅན་གྱི་གོང་འཕེལ་དང་ མི་མང་ས་ཁོངས་ གསར་བཏོད་ དེ་ལས་ བདེ་སྒྲིག་ཡོདཔ་སྦེ་ འཁོད་དེ་ཡོདཔ་ཨིན་པས།
བཟོ་བཀོད་ཀྱི་བྱ་རིམ་ནང་ གནད་དོན་གཙོ་བོ་གསུམ་ ངོ་སྤྲོད་དང་ བཟོ་བཀོད་འབད་དགོ་པའི་རྒྱུ་མཚན་ འཆར་གཞི་ དེ་ལས་ འགྲེལ་བཤད་ཚུ་ ཚུད་དེ་ཡོདཔ་ཨིན་པས།
ལཱ་གི་གྲ་སྒྲིག་འབད་བའི་སྐབས་ལུ་ གྲོས་བསྡུར་མ་འདྲཝ་ སྒེར་སྡེའི་བཟོ་བཀོདཔ་དང་ གྲོས་བསྟུན་ གོང་འཕེལ་ལས་དོན་ འདི་དང་འབྲེལ་བ་ཅན་གྱི་ བར་འབྲེལ་ཚོང་འབྲེལ་བ་ཚུ་དང་གཅིག་ཁར་ ཐིམ་ཕུག་ཁྲོམ་སྡེ་འཛིན་སྐྱོང་ ཐིམ་ཕུག་རྫོང་ཁག་བདག་སྐྱོང་ འབྲུག་གི་བཟོ་བཀོད་སྤེལ་ཁང་ འབྲུག་གི་ཁྲིམས་སྲུང་འགག་སྡེ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།