༉ འཕྲལ་ཁམས་ཅིག་ཁར་ ཞིབ་འཇུག་འབད་མིའི་ནང་ ཐིམ་ཕུག་ལྕང་ཟམ་ཏོག་གི་ ས་ཁོངས་རྐྱངམ་གཅིག་ནང་ལས་ར་ ཉིནམ་༥ གི་ནང་འཁོད་ལུ་ ཕྱགས་སྙིགས་ཀེ་ཇི་༣༢༨.༨ ཐོན་མི་དེ་ རྣམ་རྟོག་ལང་སི་སི་ཅིག་ཨིནམ་ད་ ད་རུང་ ཁྲོམ་སྡེའི་ནང་འཁོད་ལུ་ ས་ཁོངས་༢༤ དེ་ཅིག་ ཡོདཔ་ཨིན་པས།
ཞིབ་འཇུག་དེ་ ཨོ་རྒྱན་ཚོང་འབྲེལ་གྱིས་ རྒྱ་གར་རི་སའེ་ཀཱལ་ལས་སྡེ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ འབད་ཡོདཔ་ད་ དེ་ཡང་ ཐིམ་ཕུག་གི་ས་གནས་ནང་ ཕྱགས་སྙིགས་ཐོན་མི་དང་ ད་ལྟོ་ཡོད་པའི་ ཕྱགས་སྙིགས་འཛིན་སྐྱོང་ལམ་ལུགས་དབྱེ་ཞིབ་ འདི་དང་འབྲེལ་ ཕྱགས་སྙིགས་དགོས་མཁོ་ཅན་ ཨང་ཅན་ནང་བཙུགས་ཏེ་ དངུལ་ལེན་ནིའི་རིམ་ལུགས་ཐོག་ལས་ འབད་མི་འཕྲུལ་ཆས་དེ་ སྤྱི་ཟླ་༩ པའི་ཚེས་༡༦ ལུ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ཞིབ་འཇུག་ནང་ ཐོ་བཀོད་འབད་མི་ལྟར་དུ་འབད་བ་ཅིན་ བརྟག་ཞིབ་འབད་མི་ཁྱིམ་གུང་ཚུ་ནང་ལས་ ཕྱགས་སྙིགས་བསྡུ་ལེན་འབདཝ་ད་ ཀེ་ཇི་༢,༠༠༠ ལྷག་ཡོད་མི་གིས་ ཉིན་བསྟར་བཞིན་དུ་ ཕྱགས་སྙིགས་ཀེ་ཇི་༤༠༠ ལྷགཔ་རེ་ ཐོན་དོ་ཡོདཔ་སྦེ་ཨིན་པས།
གླང་རྒྱུག་ཕར་ཁ་གིས་ ཕྱགས་སྙིགས་ཀེ་ཇི་༢༡༠.༦ གསོག་འཇོག་འབད་མི་གིས་ ཨང་གཉིས་པ་དང་ དེ་གི་འོག་ལས་ར་ སེམས་རྟོགས་ཁ་གིས་ ཀེ་ཇི་༡༦༥.༣ དང་ བར་སྦིས་ས་གིས་ ཀེ་ཇི་༡༥༤ གསོག་འཇོག་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༩ གི་ རྒྱལ་ཡོངས་ཕྱགས་སྙིགས་མཛོད་ཐོ་ བརྟག་ཞིབ་དང་འཁྲིལཝ་ད་ འབྲུག་གིས་ ཕྱགས་སྙིགས་སྲ་ཆས་ཀྱི་རིགས་ཚུ་ ཉིནམ་རེ་ནང་ མེ་ཊིག་ཊོན་༡༧༢.༡༦ རེ་ཐོན་དོ་ཡོདཔ་སྦེ་ཨིན་པས།
བཟའ་འཐུང་གི་རིགས་ནང་ལས ཕྱགས་སྙིགས་བརྒྱ་ཆ་༥༠ དང་ ཆུ་ཤོག་དང་ འགྱིབ་དམ་གྱིས་བརྒྱ་ཆ་༡༤.༦ ཤོག་གུ་གིས་ བརྒྱ་ཆ་༡༡.༦ ཐོན་ཡོདཔ་ཨིན་པས།
ཞིབ་འཇུག་དང་འཁྲིལ་བ་ཅིན་ ཕྱགས་སྙིགས་མང་ཤོས་དེ་ བཞེས་སྒོའི་རིགས་ཚུ་ནང་ལས་ ཡོངས་བསྡོམས་ཀེ་ཇི་༢༢༣.༨༩ དང་ གློག་རིག་གི་ཕྱགས་སྙིགས་ཚུ་ ཉུང་སུ་སྦེ་ ཀེ་ཇི་༠.༢༤༦ ཐོན་ཡོདཔ་ཨིན་པས།
ཞིབ་འཇུག་ནང་ ཁྱིམ་གུང་༣༤༢ རྩིས་པའི་ཚོང་འབྲེལ་བ་༡༢༥༧ དེ་ཅིག་ལུ་ དྲི་བ་དྲིས་ལན་འབད་ཡོདཔ་ད་ སྦྱོང་བརྡར་ཅན་གྱི་འཐུས་མི་༥༠ གནས་ཐོ་བསྡུ་ལེན་འབད་མི་དང་ ཁྱིམ་གུང་ཚུ་ལུ་ ཉིནམ་ལྔ་གི་དོན་ལུ་ ཕྱགས་སྙིགས་འདེགས་སའི་ བེག་བགོ་བཀྲམ་དང་ དེ་ཡང་ ཉིནམ་༣ བདུན་ཕྲག་གི་སྐབས་ལུ་དང་ ཉིནམ་༢ བདུན་མཐའ་གི་སྐབས་ལུ་ཨིནམ་བཞིན་དུ་ ཕྱགས་སྙིགས་ཚུ་ བསྡུ་ལེན་འབད་བའི་ཉིནམ་ལས་ བརྟག་ཞིབ་ཀྱི་དོན་ལུ་ ཕྱིར་སེལ་ཚུ་འབད་ནི་ཨིན་པས།
སྙན་ཞུའི་ནང་ ཕྱགས་སྙིགས་བསྡུ་ལེན་དང་ དེ་དང་བསྟུན་པའི་ འོང་འབབ་བཟོ་བའི་གནད་དོན་ཚུ་ གསལ་སྟོན་འབད་ནི་དང་ འོང་འབབ་ཆུང་བའི་ཁྱིམ་གུང་ཚུ་གིས་ འོང་འབབ་མཐོ་བའི་ཁྱིམ་གུང་ཚུ་ལས་ ཕྱགས་སྙིགས་མངམ་ བསྡུ་ལེན་འབད་ནིའི་ གོ་སྐབས་ཡོདཔ་ཨིན་པས།
ཞིབ་འཇུག་དང་འཁྲིལ་བ་ཅིན་ ཕྱགས་སྙིགས་འཛིན་སྐྱོང་དང་འབྲེལ་ ཕན་ཚུན་གྱི་མཉམ་འབྲེལ་ཚུ་གཞུང་དང་ སྒེར་སྡེ་ དེ་ལས མི་མང་ཚུ་གི་བར་ན་ འབད་ནི་ཨིན་ཟེར་ཨིན་པས།
ད་རུང་ སྙན་ཞུ་ནང་ སྲིད་དོན་སྒྲིང་སྒྲི་དང་ སྒྲིག་གཞི་ དམིགས་བསལ་གྱི་ འགན་ཁུར་འབག་ནི་ཚུ་ཨིན་མི་དེ་ཡང་ ཕྱགས་སྙིགས་འཛིན་སྐྱོང་གིས་ འགན་འཁྲི་འབག་མི་དེ་ ཕྱགས་སྙིགས་ཐོན་སྐྱེད་འབད་མི་ཚུ་ལུ་ བཀལ་ནིའི་ལས་འཆར་ཨིན་པས།
ཕྱགས་སྙིགས་འཛིན་སྐྱོང་སྡེ་ཚན་གྱིས་འབད་བ་ཅིན་ མཐའ་འཁོར་གནས་སྟངས་དང་ ཁྲོམ་སྡེའི་གནམ་གཤིས་འགྱུར་བགྲོད་ཀྱི་འོག་ལུ་ ཁྲོམ་གྱི་ས་ཁོངས་ནང་ མི་རེ་གིས་ ཕྱགས་སྙིགས་ཀེ་ཇི་༠.༥ དང་ ཀེ་ཇི་༡ གི་བར་ན་ ཐོན་སྐྱེད་འབད་མི་དེ་ གྲོང་གསེབ་ནང་ཀེ་ཇི་༠.༣ ཡོདཔ་སྦེ་ཨིན་པས།
འདི་བཟུམ་གྱི་ ཁྱད་པར་ཐོན་མི་དེ་ ལུང་ཕྱོགས་སོ་སོར་ཚུ་ནང་ ཕྱགས་སྙིགས་འཛིན་སྐྱོང་ཐབས་བྱུས་དང་ ཉོ་སྤྱོད་པའི་ཁྱད་རྣམ་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
ཞིབ་འཇུག་གིས་ ཁོང་གི་མནོ་དོན་ལས་བརྒལ་ཡོདཔ་སྦེ་ཨིནམ་ད་ དེ་ཁར་ དཔེ་ཚད་དང་ བསྐྱར་ཞིབ་ཚུ་འབད་དེ་ མཐར་འཁྱོལ་བྱུང་ཡོདཔ་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement