༉ འབྲུག་ལུ་ ཨིན་ཌོ་ནི་སི་ཡ་གི་གཞུང་ཚབ་དང་ རྒྱ་གར་ལུ་ཡོད་མི་ ཚོང་འབྲེལ་ཚོགས་པའི་འཐུས་མི་ཚུ་གིས་ སྤྱི་ཟླ་༡༡ པའི་ཚེས་༣ ལས་༦ ཚུན་ རྒྱལ་ཁབ་༢ ཀྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་གྱི་ ས་གོ་གསརཔ་ཚུ་ འཚོལ་ཞིབ་འབད་ནིའི་དོན་ལས་ འབྲུག་ལུ་ འོང་ཡོདཔ་ཨིན་པས།
ལྟ་སྐོར་འདི་ རྒྱལ་ཁབ་༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་དེ་ ལོ་ངོ་༡༣ འཁོར་བའི་ དུས་དྲན་འབད་ནི་དང་ ལྟ་སྐོར་དེ་གིས་ ཚོང་འབྲེལ་དང་མ་དངུལ་གྱི་ མཐུན་ལམ་སྒྲིང་སྒྲི་བཟོ་ནི་ལུ་ དམིགས་གཏད་བསྐྱེད་ནི་ཨིན་པས།
འབྲུག་དང་ ཨི་ནོ་ཌོ་ནི་ཤི་ཡ་གིས་ སྤྱི་ལོ་༢༠༡༡ ཟླ་༡༢ པའི་ཚེས་༡༥ ལུ་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
རྒྱ་གར་ ནིའུ་ལྡི་ལི་ལུ་སྡོད་མི་ འབྲུག་ལུ་ ཨིན་ཌོ་ནི་ཤི་ཡ་གི་ གཞུང་ཚབ་ཨི་ན་ ཧག་ནི་ནིང་ཏི་ཡཱསི་ ཀི་རིཤ་ན་མུར་ཐི་གིས་ ཕྱི་འབྲེལ་དང་ཕྱིར་ཚོང་འབྲེལ་བློན་པོ་དང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་དང་གཅིག་ཁར་ གྲུབ་འབྲས་ཅན་གྱི་ གྲོས་བསྟུན་འབད་ཡོདཔ་ཨིན་པས།
མོ་གིས་ སྤྱི་ལོ་༢༠༢༢ ཟླ་༡༠ པའི་ནང་ འབྲུག་གི་གཞུང་ཚབ་སྦེ་ ཡིག་ཚང་རྩིས་ལེན་པའི་ཤུལ་ལས་ འབྲུག་ལུ་འོང་མི་དེ་ ཐེངས་གཉིས་པ་ཨིན་པས།
གྲོས་བསྡུར་གྱི་ དམིགས་ཡུལ་དེ་ཡང་ མཉམ་འབྲེལ་འབད་ཚུགས་པའི་ས་ཁོངས་ཚུ་ ངོས་འཛིན་འབད་ནི་ཨིནམ་ད་ དེ་ཡང་ སོ་ནམ་དང་ བཟོ་སྐྲུན་ དེ་ལས་ ལྟ་བཤལ་ཚུ་ཨིན་པས།
ང་བཅས་ཀྱི་ དམིགས་ཡུལ་ངོ་མ་འདི་ ད་ལྟོ་མ་འཚོལ་བར་ཡོད་མི་ དཔལ་འབྱོར་མཉམ་འབྲེལ་ནང་ འོས་ལྡན་གོ་སྐབས་ཚུ་འཚོལ་ནི་ཨིནམ་ད་ འདས་པའི་ལོ་༥ འི་ནང་ རྒྱལ་ཁབ་༢ ཀྱི་བར་ན་ ཚོང་འབྲེལ་མཐུན་ལམ་ཚུ་ ཡར་དྲག་སྦོམ་སོང་ཡི་ཟེར་ གཞུང་ཚབ་ཀྱིས་ སླབ་ཡོདཔ་ཨིན་པས།
ཚོང་འབྲེལ་གྱི་གྱངས་ཁ་དང་འཁྲིལཝ་ད་ འབྲུག་གིས་ ན་ཧིང་ ཨེན་ཌོ་ནི་ཤི་ཡ་ལས་ དངུལ་ཀྲམ་ས་ཡ་༢༤༨.༧༥ གནས་པའི་ ཅ་ཆས་ཚུ་ ནང་འདྲེན་འབད་ཡོདཔ་ད་ འདས་པའི་ལོ་ནང་ ནང་འདྲེན་འབད་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ འབྲུག་འདི་ ཨང་༡༣ པ་ཨིནམ་ད་ ནང་འདྲེན་འབད་མི་ཅ་ཆས་ཀྱི་ཐོ་ནང་ བརྡ་དོན་འཕྲུལ་ཆས་རིག་གི་ཅ་ཆས་དང་ འཕྲུལ་ཆས་ དེ་ལས་ གྱོན་ཆས་ལ་སོགས་པ་ཚུ་ཨིན་པས།
འབྲུག་གིས་ ལོ་དེ་ནང་ ཨིན་ཌོ་ནེ་ཤི་ཡ་ལུ་ དབྱར་རྩྭ་དགུན་འབུབ་ འབོར་ཆེ་དྲགས་སྦེ་ ཕྱིར་ཚོང་འཐབ་ཡོདཔ་ཨིན་པས།
གཞུང་ཚབ་ཨི་ན་ ཧག་ནི་ནིང་ཏི་ཡཱསི་ ཀི་རིཤ་ན་མུར་ཐི་གིས་ སླབ་མིའི་ནང་ འབྲུག་གིས་ རྒྱ་གར་ལུ་ ཨིན་ཌོ་ནེ་ཤི་ཡ་གི་ མ་རྩ་གཞི་བཙུགས་འབད་མི་ཚུ་དང་གཅིག་ཁར་ དཔལ་འབྱོར་མཉམ་འབྲེལ་དོན་ལུ་ འོས་འབབ་འདུག་ཟེར་ཨིན་པས།
རྒྱ་གར་ལུ་ ཨིན་ཌོ་ནེ་ཤི་ཡ་གི་ མ་རྩ་གཞི་བཙུགས་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡.༣ དེ་ཅིག་ཡོདཔ་ད་ འབྲུག་གིས་ ཚོང་འབྲེལ་གྱི་ གོ་སྐབས་འཚོལ་ནིའི་དོན་ལུ་ མ་དངུལ་དེ་ ལག་ལེན་འཐབ་དགོཔ་འདུག་ཟེར་ མོ་གིས་བཤདཔ་ཨིན་པས།
མོ་གིས་ བཤད་མིའི་ནང་ ཨིན་ཌོ་ནི་ཤི་ཡ་གིས་ རྒྱ་གར་ལུ་ བཟའ་འཐུང་དང་འཐུང་རིགས་ དེ་ལས་ ཤོག་གུ་ དེ་ལས་ ཌི་ཇི་ཊཱལ་ལ་སོགས་པའི་ ཅ་ཆས་ཚུ་ རྒྱ་གར་ལུ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
གཞུང་ཚབ་ཨི་ན་ ཧག་ནི་ནིང་ཏི་ཡཱསི་ ཀི་རིཤ་ན་མུར་ཐི་གིས་ སླབ་མིའི་ནང་ འབྲུག་གི་ ཚོང་འབྲེལ་འཐུས་མི་གཅིག་གིས་ འདས་པའི་ལོ་༡༣ ནང་ ལྷོ་ཤར་ཨེ་ཤི་ཡ་ལུ་ འགོ་འདྲེན་འཐབ་མི་ ཨིན་ཌོ་ནེ་ཤི་ཡའི་ ཚོང་འབྲེལ་འགྲེམས་སྟོན་ནང་ བཅའ་མར་གཏོགས་མ་ཚུགས།
རྒྱ་གར་ ཅེ་ནའི་ལུ་ གཞི་བཙུགས་འབད་མི་ ཨི་ནཌོ་ནི་ཤི་ཡཱན་ཚོང་འབྲེལ་གོང་འཕེལ་ལྟེ་བའི་ མདོ་ཆེན་ནུ་གོ་རོ་ཧོ་ པོ་རི་ཡོ་ པྲ་ཏོ་མོ་གིས་ སླབ་མིའི་ནང་ ཚོང་འབྲེལ་འགྲེམས་སྟོན་དེ་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༡༠ པའི་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ད་ འགྲེམ་སྟོན་ནང་ འགྲེམས་སྟོན་འབད་མི་༡,༥༠༠ དང་༢,༠༠༠ དེ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
འགྲེམས་སྟོན་དེ་ནང་ བཟའ་ཆས་དང་ འཐུང་ནིའི་རིགས་ སོ་ནམ་ བཟོ་སྐྲུན་ ཞབས་ཏོག་ ལྟ་བཤལ་ དེ་ལས་ བརྡ་དོན་དང་འཕྲུལ་རིག་ལ་སོགས་པའི་ དབྱེ་ཁག་ཁག་༤ནང་ གཙོ་བོར་བཏོན་ཡོདཔ་ཨིན་པས།
ནུག་རོ་ཧོ་ པི་རི་ཡོ་ པྲ་ཏོ་མོ་གིས་ སླབ་མིའི་ནང་ འབྲུག་པའི་ཚོང་འབྲེལ་པ་ཚུ་ལུ་ རྒྱང་མཐོང་འགྲེམས་སྟོན་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་བྱིན་ནི་ཨིནམ་ལས་ དེ་གིས་ རྒྱལ་ཁབ་༢ ཀྱི་བར་ན་ ཚོང་འབྲེལ་སྒྲིང་སྒྲི་བཟོ་ནི་ཨིནམ་མ་ཚད་ འབྲུག་གི་ཐོན་སྐྱེད་ཚུ་དང་ དམིགས་བསལ་དུ་ རང་བཞིན་ཐོན་སྐྱེད་ཚུ་ ཚོང་འབྲེལ་རྒྱ་སྐྱེད་འབད་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འགུལ་དེ་གིས་ ཚོང་དང་འབྲེལ་བའི་ མཐུན་ལམ་བཟོ་ནི་དང་ རྒྱལ་ཁབ་གཞན་གྱི་ ཚོང་པ་ཚུ་དང་ འབྲེལ་བ་འཐབ་ནིའི་ གོ་སྐབས་བྱིན་དོ་ཟེར་ཨིནམ་ད་ དེ་མ་ཚད་ གཞུང་དང་ ཚོང་པ་ཚུ་གི་བར་ན་ གྲོས་བསྡུར་འབད་ནིའི་གོ་སྐབས་དང་ ཚོང་འབྲེལ་དང་ཚོང་འབྲེལ་གྱི་སྐོར་ལས་ བརྡ་དོན་ཁྱབ་སྤེལ་འབད་ནིའི་ གོ་སྐབས་ཡང་ བྱིན་དོ་ཡོདཔ་ཨིན་པས།
ནུག་རོ་ཧོ་ པི་རི་ཡོ་ པྲ་ཏོ་མོ་གིས་ སླབ་མིའི་ནང་ རྒྱལ་ཁབ་གཉིས་ཆ་ར་ སོ་ནམ་གྱི་ལཱ་འབད་མི་ཨིནམ་ལས་ སོ་ནམ་ལས་སྡེའི་ནང་ ཕྱི་ཁའི་མ་རྩ་ ཐད་ཀར་དུ་བཙུགས་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ ཡར་སེང་འབད་ནིའི་ ལྷན་ཐབས་ལུ་ ཨིན་ཌོ་ནེ་ཤི་ཡན་གྱི་ འཐུས་མི་སྡེ་ཚན་གྱིས་འབད་བ་ཅིན་ འབྲུག་གིས་ ཚོང་འབྲེལ་གྱི་སྒྲིག་གཞི་ཚུ་ འཇམ་ཏོང་ཏོ་བཟོ་ནི་དང་ ས་ཆ་དང་མ་དངུལ་ དེ་ལས་ ཁྲལ་གྱི་མཐུན་རྐྱེན་དང་ ཚོང་འབྲེལ་སྐྱོད་ཐམ་ དེ་ལས་ གཞན་ཚུ་ནང་ཡང་ ཕན་ཐོགས་འབྱུང་ཚུགས་ཟེར་ ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།