༉ ཚོང་འབྲེལ་གྱི་གྲོས་འཆར་ནང་ ལཱ་གཡོག་གི་གོ་སྐབས་བཟོ་ནི་དང་ ཕྱིར་ཚོང་འཐབ་ནི་དང་ ཡང་ཅིན་ ནང་འདྲེན་གྱི་ཚབ་སྦེ་ ཐོན་སྐྱེད་ཚུ་ ལྷན་ཐབས་འབད་ནི་ དེ་ལས་ ནང་འདྲེན་ཚབ་བཙུགས་ཡོོད་པ་ཅིན་ དཔལ་འབྱོར་ལྷན་ཐབས་ ལས་རིམ་དེ་ འབྲུག་མི་ག་རའི་དོན་ལུ་ སྒོ་ཕྱེས་ཏེ་ཡོད་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༥ པའི་ཚེ།ས་༣༠ ལུ་ བློན་པོའི་ལྷན་རྒྱས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་གྱི་ ཞལ་འཛོམས་འཚོགས་པའི་སྐབས་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ བཤད་ཡོདཔ་ད་ དཔལ་འབྱོར་ལྷན་ཐབས་ དངུལ་ཀྲམ་ཐེར་འབུམ་༡༥ འི་ཐོག་ལས་ ད་རེས་ གཞུང་གིས་ རྒྱ་གར་གཞུང་ལས་ དངུལ་ཀྲམ་ཐེར་འབུམ་༢.༥ ཐོབ་སྟེ་ ཡོོདཔ་ཨིན་པས།
མ་དངུལ་དེ་ཡང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལོག་ཡར་དྲག་གཏང་ནིའི་ལུ་ཨིནམ་ད་ ལས་སྐྱིད་རྡོ་རྗེ་གིས་ སླབ་མིའི་ནང་ དཔལ་འབྱོར་ལྷན་ཐབས་མ་དངུལ་དེ་ རྒྱལ་ཁབ་ཀྱི་ རྒྱ་ཁྱབ་དཔལ་འབྱོར་གཞི་བཀོད་དང་ ནང་འཁོད་ཐོན་སྐྱེད་ གོང་འཕེལ་ གཏང་ནི་ལུ་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དམིགས་ཡུལ་དེ་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་དང་ ཕྱི་དངུལ་གསོག་འཇོག་ཡར་སེང་འབད་ནི་
དེ་ལས་ གཞུང་གིས་ ལོ་བསྟར་བཞིན་དུ་ ལྟ་བཤལཔ་༣༠༠,༠༠༠ འོང་བཅུག་ནིའི་ དམིགས་གཏད་བསྐྱེད་ཡོདཔ་བཞིན་དུ་ སེམས་ཤུགས་བྱིན་ནི་དེ་ཨིན་ཟེར་ཨིན་པས།
འབྲུག་འདི་ ནང་འདྲེན་ལུ་བརྟེན་སྡོད་མི་ རྒྱལ་ཁབ་ཅིག་ཨིནམ་བཞིན་དུ་ སྤྱི་ལོ་༢༠༢༠ ལུ་ དངུལ་ཀྲམ་ཐེར་འབུམ་༦༦.༦༤ དང་ སྤྱི་ལོོ་༢༠༢༡ ལུ་ དངུལ་ཀྲམ་ཐེར་འབུམ་༩༠.༣ དེ་ལས་ སྤྱི་ལོ་༢༠༢༣ ལུ་ དངུལ་ཀྲམ་ཐེར་འབུམ་༡༠༨.༤༢ གནས་
པའི་ ཅ་ཆས་ཚུ་ ནང་འདྲེན་འབད་ཡོདཔ་ཨིན་པས།
ཨིན་རུང་ ཕྱིར་ཚོང་དེ་ སྤྱི་ལོ་༢༠༢༡ ལུ་ དངུལ་ཀྲམ་ཐེར་འབུམ་༥༧.༩༩ ལས་ སྤྱི་ལོ་དངུལ་ཀྲམ་ཐེར་འབུམ་༥༢.༩༢ ལུ་
མར་བབས་སོང་ཡོདཔ་ཨིན་པས།
ལས་སྐྱིད་རྡོ་རྗེ་གིས་ སླབ་མིའི་ནང་ དཔལ་འབྱོར་ལྷན་ཐབས་ལས་རིམ་དེ་ ཕྱིར་ཚོང་ཡར་དྲག་དང་ ནང་འདྲེན་ཚབ་བཙུགས་
ཀྱི་ ཐོན་སྐྱེད་ཚུ་ གོང་འཕེལ་གཏང་སྟེ་ ཚོང་འབྲེལ་ཁྱད་པར་དང་འབྲེལ་བའི་ གནད་དོན་ཚུ་ སེལ་ཐབས་འབད་ཚུགས་ཟེར་ཨིན་
པས།
ཁོ་གིས་འབད་བ་ཅིན་ ལས་རིམ་གྱིས་ ཚོང་འབྲེལ་གསརཔ་གཞི་བཙུགས་འབད་ནི་དང་ ད་ལྟོ་ཡོད་པའི་ ནང་བཟོ་དང་བཟོ་གྲྭ་
ཆུང་བའི་ཚུ་ གོང་འཕེལ་གཏང་ཚུགས་ནི་ཨིན་པའི་ཁར་ ནང་འཁོད་ཐོན་སྐྱེད་དང་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་གི་ ལྕོགས་གྲུབ་ཡང་ ཡར་དྲག་གཏང་ཚུགས་ནི་ཨིན་པས།
དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ མ་དངུལ་མང་ཤོས་ཅིག་ ལཱ་གཡོག་གི་གོ་སྐབས་བཟོ་ནི་གི་ རྒྱལ་ཡོངས་ལམ་ལུགས་དང་
ལས་རིམ་ཚུ་ལུ་ བགོ་བཀྲམ་འབད་འོང་ཟེར་ ལས་སྐྱིད་རྡོ་རྗེ་གིས་ བཤདཔ་ཨིན་པས།
དུས་ཅི་ ཟླཝ་༣ ནང་འཁོད་ཀྱི་ ལས་མི་བརྟག་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༣ ལུ་ ལཱ་གཡོག་མེད་པའི་ ཚད་
གཞི་བརྒྱ་ཆ་༣.༥ ཡོད་མི་ལས་བརྒྱ་ཆ་༤.༡ ལུ་ ཡར་སེང་སོང་ནུག།
དེ་བཟུམ་སྦེ་ ན་གཞོན་ལཱ་ གཡོག་མེད་པའི་ཚད་གཞི་དེ་ བརྒྱ་ཆ་༡༥.༩ ལས་ བརྒྱ་ཆ་༢༢.༩ ལུ་
ཡར་འཕར་སོང་ཡོདཔ་ཨིན་པས།
བློན་ཆེན་ཡིག་ཚང་འོག་གི་དཔལ་འབྱོར་ལྷན་ཐབས་ལས་རིམ་དྲུང་ཆེན་ཡིག་ཚང་དང་ བློན་ཆེན་ཁྲི་འཛིན་ཐོག་ལས་ ཚོགས་ཆུང་
ཡོད་མི་གིས་ ལས་རིམ་ཚུ་ བལྟ་དོ་ཡོདཔ་ད་ དཔལ་འབྱོར་ལྷན་ཐབས་ལས་རིམ་དྲུང་ཆེན་ཡིག་ཚང་གིས་ ལས་འགུལ་གྱི་གྲོས་འཆར་དང་ འཆར་གཞི་ཚུ་ བསྐྱར་ཞིབ་འབད་དོ་ཡོདཔ་ཨིན་པས།
དཔལ་འབྱོར་ལྷན་ཐབས་ལས་རིམ་དྲུང་ཆེན་ཡིག་ཚང་གིས་ ལས་རིམ་ཚུ་ དམ་སྒྲིང་ཐོག་ལས་ ལྟ་རྟོག་དང་ དབྱེ་ཞིབ་དང་ འབྲེལ་ཡོད་ལྷན་ཁག་གིས་ མ་དངུལ་དེ་ དོན་སྨིན་ཅན་ཅིག་སྦེ་ ལག་ལེན་འཐབ་ནི་ ངེས་བརྟན་བཟོ་དགོཔ་
ཨིན་པས།
དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ དྲུང་ཆེན་ཡིག་ཚང་གིས་བྱ་སྒོ་དང་ འོས་འབབ་ཁྱད་ཚད་ཀྱི་ཁ་གསལ་ཚུ་ བལྟ་ནི་ཨིན་པའི་
གནས་ཚུལ།

Advertisement