༉ སྤྱི་ལོ་༢༠༢༤ འི་དོན་ལུ་ འབྲུག་གི་ དཔལ་འབྱོར་འཕེལ་ཚད་དེ་ བརྒྱ་ཆ་༥ མར་ཕབ་རྐྱབ་སྟེ་ ཧེ་མའི་ དམིགས་ཚད་ལས་ བརྒྱ་ཆ་༡.༡ བཟོ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་ ཡུན་འགྱངས་ལུས་མི་དང་ ལྟ་བཤལ་བསྐྱར་གསོ་ ལྷོད་སུ་འབད་མི་ དེ་ལས་ ནང་འཁོད་དཔལ་འབྱོར་ལུ་ དོ་འགྲན་བྱུང་མི་ཚུ་ལུ་བརྟེན་ཨིན་པས།
དངུལ་རྩིས་ལྷན་ཁག་ལས་ དཔལ་འབྱོར་གནས་སྟངས་སྙན་ཞུ་དང་འཁྲིལཝ་ད་ མར་ཕབ་རྐྱབ་དགོ་པའི་ གནད་དོན་གཙོ་བོ་གཅིགཔོ་དེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་ ཡུན་འགྱངས་ལུས་མི་ལུ་བརྟེན་ཨིནམ་ད་ ལས་འགུལ་དེ་ སྤྱི་ལོ་༢༠༢༥ ཟླ་༦ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ད་ མ་གཞི་ སྤྱི་ལོ་༢༠༢༤ ཟླ་༡༢ པའི་ནང་ མཇུག་བསྡུ་དགོཔ་ཨིན་པས།
དུས་ཚོད་འགོར་མི་ལུ་བརྟེན་ བཟོ་སྐྲུན་ལས་སྡེའི་ནང་ ཡར་དྲག་ལྷོད་སུ་འགྱོ་ནི་ཨིན་རུང་ ཞབས་ཏོག་ལས་སྡེ་དེ་ དཔལ་འབྱོར་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ དཔལ་འབྱོར་ལུ་ཕན་ཐོགས་ཆེ་བའི་ ལྟ་བཤལ་གྱི་ལཱ་དེ་ ལེགས་ཤོམ་འགྱོ་ནི་ཨིནམ་ད་ ལྟ་བཤལཔ་གི་གྱངས་ཁ་དེ་ཡང་ རེ་བ་བསྐྱེད་མི་དང་ མཐུན་མ་ཚུགསཔ་སྦེ་ཡོདཔ་ད་ ཨིན་རུང་ སྤྱི་ལོ་༢༠༢༥ ལུ་ གོང་འཕེལ་གྱི་ཚད་གཞི་དེ་ བརྒྱ་ཆ་༩.༦ ལུ་ ཡར་སེང་འགྱོ་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ད་ དེ་ཡང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་དེ་ མཇུག་བསྡུ་བའི་ཤུལ་ལུ་ འོང་ནི་ཨིནམ་ད་ གོང་འཕེལ་གྱི་ཚད་གཞི་དེ་ སྤྱི་ལོ་༢༠༢༦ ལུ་ བརྒྱ་ཆ་༦.༦ ལུ་ མར་འབབ་འགྱོ་ནི་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༢༥ འི་ གཞི་རྟེན་གྲུབ་འབྲས་ལུ་བརྟེན་ཨིན་པས།
ད་རེས་ སོ་ནམ་ལས་སྡེ་ ལཱ་ཁག་རྐྱབ་དོ་ཡོདཔ་ད་ སྤྱི་ལོ་༢༠༢༤ དང་༢༠༢༥ ལུ་ བརྒྱ་ཆ་༡.༥ རྐྱངམ་གཅིག་ གོང་འཕེལ་འགྱོ་ཚུགས་པའི་ རེ་བ་ཡོདཔ་ད་ དེ་ཡང་ འཆར་གཞི་༡༣ པའི་ནང་ ལོ་བསྟར་གོང་འཕེལ་བརྒྱ་ཆ་༧ གྱི་ དམིགས་གཏད་ལས་ འོག་ལུ་འབད་ནི་དེ་གིས་ཨིན་པས།
ནགས་ཚལ་དང་སྒོ་ནོར་ནང་ ཡར་དྲག་དུམ་གྲ་རེ་སོང་རུང་ སོ་ནམ་གྱི་ཐད་ཁར་ སྤྱིར་བཏང་གི་ གྲུབ་འབྲས་དེ་ ལྷོད་སུ་སྦེ་ར་ འགྱོ་དོ་ཡོདཔ་ད་ གཞུང་གིས་ སོ་ནམ་པ་ཚུ་ལུ་ དངུལ་འབྲེལ་གྱི་རྒྱབ་སྐྱོར་འབད་མི་ དཔལ་འབྱོར་ལྷན་ཐབས་ལས་རིམ་དང་ སྐྱིན་འགྲུལ་འཐོབ་ཚུགསཔ་བཟོ་ཐབས་ལུ་ སྐྱིན་འགྲུལ་མཐུན་རྐྱེན་ཚུ་བརྩིས་ཏེ་ སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་ ལས་རིམ་ལེ་ཤ་ཅིག་ར་ འགོ་བཙུགས་ཏེ་ཡོདཔ་ཨིན་རུང་ ད་ཚུན་གྱི་བར་ན་ ཐབས་ལམ་ཚུ་གི་གྲུབ་འབྲས་དེ་ དུམ་གྲ་ཅིག་ཨིནམ་ལས་ སྤྱི་ལོ་༢༠༢༤ གི་ཟླཝ་༨ པའི་ནང་ སོ་ནམ་གྱི་དོན་ལུ་ སྐྱིན་འགྲུལ་བསྡོམས་ བརྒྱ་ཆ་༢.༤ རྐྱངམ་གཅིག་ བྱིན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༢༤ ལུ་ བཟོ་གྲྭ་ལས་སྡེ་དེ་ བརྒྱ་ཆ་༦.༢ དང་ སྤྱི་ལོ་༢༠༢༥ ལུ་ བརྒྱ་ཆ་༢༠.༡ ལུ་ ཡར་སེང་འགྱོ་བའི་རེ་བ་ཡོདཔ་ད་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་ལུ་བརྟེན་ ས་གཏེར་ལས་སྡེའི་ཐད་ཁར་ སྤྱི་ལོ་༢༠༢༤ ལུ་ བརྒྱ་ཆ་༧ དང་ སྤྱི་ལོ་༢༠༢༥ ལུ་ བརྒྱ་ཆ་༡༤ ལུ་ ཡར་སེང་འགྱོ་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་རུང་ བཟོ་སྐྲུན་ལས་སྡེ་དེ་ སྤྱི་ལོ་༢༠༢༤ ལུ་ བརྒྱ་ཆ་༢ ལས་ སྤྱི་ལོ་༢༠༢༥ ལུ་ བརྒྱ་ཆ་༤.༦ ལུ་ ཡར་སེང་དུམ་གྲ་ཅིག་ འགྱོ་ནི་ཨིནམ་ད་ དེ་གིས་ ལཱ་གཡོག་གི་གོ་སྐབས་བཟོ་ནི་དང་ ཐོན་སྐྱེད་ལྕོགས་ནང་ གྲུབ་རྒྱ་སྐྱེད་འབད་ཚུགས་ནི་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ ཞབས་ཏོག་སྡེ་ཚན་དེ་ བརྒྱ་ཆ་༥.༣ ཡར་སེང་འགྱོ་བའི་ རེ་བ་ཡོད་མི་དེ་ཡང་ སིལ་ཚོང་དང་ སྐྱེལ་འདྲེན་ དེ་ལས་ ལྟ་བཤལ་ཚུ་ནང་ གོང་འཕེལ་ལེགས་ཤོམ་འགྱོ་མི་ལུ་བརྟེན་ཨིནམ་ད་ དམིགས་བསལ་དུ་ མགྱོན་ཁྱིམ་དང་ ཟ་ཁང་ཚུ་ནང་ བརྒྱ་ཆ་༢༠དེ་ཅིག་ ཡར་སེང་འགྱོ་ནི་ཨིནམ་ད་ ཨིན་རུང་ སྤྱི་ལོ་༢༠༢༥ ལུ་ བརྒྱ་ཆ་༤.༤ ལུ་ མར་འབབ་འགྱོ་ནི་ཨིནམ་ད་ དེ་ཡང་ མི་མང་བདག་སྐྱོང་ནང་ གླ་འཐུས་དམའ་སུ་འགྱོ་མི་ལུ་བརྟེན་ཨིན་པས།
སྙན་ཞུ་ནང་ བཀོད་མིའི་ནང་ སྤྱིར་བཏང་དཔལ་འབྱོར་དེ་ ཤུལ་མའི་ ལོ་དག་པ་ཅིག་གི་ནང་འཁོད་ལུ་ བརྒྱ་ཆ་༧ དེ་ཅིག་ ཡར་སེང་འགྱོ་ནིའི་ འཆར་གཞི་ཡོདཔ་ད་ དེ་ཡང་ འཆར་གཞི་༡༣ པའི་ནང་ དམིགས་གཏད་བཀོད་མི་ བརྒྱ་ཆ་༨ ཀྱི་ དམིགས་གཏད་ལས་ ཉུང་སུ་ཅིག་ཨིན་པས།
འབྲུག་གི་དཔལ་འབྱོར་དེ་ གཙོ་བོ་ར་ ཆུའི་ནུས་ཤུགས་ལུ་བརྟེན་ འོང་འབབ་གསོག་འཇོག་འབད་ནི་དང་ དཔལ་འབྱོར་དེ་ དབྱེ་བ་ཕྱེ་ནིའི་དོན་ལུ་ ས་ཁོངས་གཞན་ཚུ་ནང་ བཟོ་སྐྲུན་དང་ གནས་གོང་ཐེབས་བཟོ་ནི་ དེ་ལས་ རྒྱལ་ཁབ་ནང་ ལཱ་གཡོག་གི་གོ་སྐབས་བཟོ་ནི་ཚུ་ ཡར་དྲག་གཏང་ཐབས་ལུ་ ཐོན་སྐྱེད་ཚུ་ བགོ་བཀྲམ་འབད་དགོཔ་འདུག་ཟེར་ དཔལ་འབྱོར་མཁས་མཆོག་ པདྨ་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement