སྤྱི་ཟླ་༥ པའི་ཚེས་༡༥ ལུ་ ཅེག་རི་པབ་ལིག་གིས་ ཐིམ་ཕུག་ལུ་སྦེ་ དོན་གཅོད་ཡིག་ཚང་ སྒོ་འབྱེད་འབད་ཡོདཔ་བཞིན་དུ་ བསྟན་འཛིན་ཡོན་ཏན་དེ་ དོན་གཅོདཔ་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན་པས།
འཛིན་ཡོན་ཏན་དེ་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ མཉམ་འབྲེལ་གཞི་བཙུགས་འབད་མི་དང་ མདོ་ཆེན་ནམ་ གཙོ་འཛིན་ཨིནམ་མ་ཚད་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ཀྱི་ འཐུས་མི་ཨིན་པས།
སྒོ་འབྱེད་རྟེན་འབྲེལ་ནང་ ཕྱི་འབྲེལ་དང་ཕྱིར་ཚོང་ལྷན་ཁག་གི་ བློན་པོ་ཌི་ཨེན་ དུང་གེལ་དང་ རྒྱ་གར་ལུ་ ཅེག་རི་པབ་ལིག་གི་ གཞུང་ཚབ་ཨི་ལིས་ཀ་ ཛི་གོ་བ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ཅེག་རི་པབ་ལིག་གི་ དོན་གཅོད་ཡིག་ཚང་དེ་ ཐིམ་ཕུག་ སྔ་སྦིས་ཕུག་ལུ་ རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ ས་ཁོངས་ནང་ཨིན་པའི་གནས་ཚུལ།