༉ དཔལ་འབྱོར་གོང་འཕེལ་བཏང་ཐབས་ལུ་ འབྲུག་པའི་ངོ་ཚབ་མང་ཤོས་ཅིག་གིས་ སོ་ནམ་བཟའ་ཆས་སྡེ་ཚན་ནང་ ན་གཞོན་ཚོང་ཚོང་འབྲེལ་ལུ་ རྒྱབ་སྐྱོར་རགྱི་ཁས་བླངས་འབད་ཡོདཔ་ད་ ཁས་བླངས་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༣ ལུ་མཇུག་བསྡུ་མི་ རྒྱལ་ཡོངས་ན་གཞོན་གྲོས་འཛོམས་ཀྱི་སྐབས་ལུ་ འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་འཁོད་ལས་ ན་གཞོན་༢༠༠ ལྷགཔ་ཅིག་གིས་ ངོ་རྐྱང་དང་་ཡང་ན་ ཡོངས་འབྲེལ་ཐོག་ལས་ དུས་སྟོན་ནང་བཅའ་མར་གཏོགས་ཡོདཔ་ཨིན་པས།
སོ་ནམ་དང་ སྒོ་ནོར་ལྷན་ཁག་གི་བློན་པོ་ འཕྲིན་ལས་རྣམ་རྒྱལ་གྱིས་ སོ་ནམ་སྡེ་ཚན་ནང་ གདོང་ལེན་ཚུ་ལེ་ཤ་ཅིག་ར་འབྱུང་དོ་ཡོད་པའི་སྐོར་དང་ མི་རློབས་ཉུང་སུ་འབད་མི་དང་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ གནམ་གཤིས་སྔོན་རྟགས་འབད་མ་ཚུགས་མི་ མི་དང་རི་དྭགས་སེམས་ཅན་གྱི་བྲེལ་ཟིང་ཚུ་ལུ་བརྟེན་ ལོ་བསྟར་བཞིན་དུ་ བརྒྱ་ཆ་༣༠ དང་༤༠ གི་བར་ན་ གྱོང་རྒུད་ཕོག་དོ་ཡོདཔ་སྦེ་ཨིན་པས།
འབྲུག་ལུ་ ཅ་ཆས་གོང་ཚད་ཉུང་བའི་ཐོག་ཐོབ་ཐབས་དང་ ཐོན་སྐྱེད་ཚུ་གི་གོང་ཚད་ལེགས་ཤོམ་ཐོབ་ཐབས་ཀྱི་གདོང་ལེན་ཚུ་ཡང་ཡོདཔ་སྦེ་ཨིན་པས།
ནང་འཁོད་ཐོན་སྐྱེད་ལྷན་ཐབས་བཟུམ་ཅིག་སྦེ་ སོ་ནམ་སྡེ་ཚན་རྒྱ་སྐྱེད་འབད་དེ་ འཆར་གཞི་༡༣ པའི་ནང་སོ་ནམ་འཕྲུལ་རིག་གནས་ཚད་ཅན་བཟོ་ནིའི་འཆར་གཞི་ཡོདཔ་ད་ དེ་ཁར་ སྤྱི་རུབ་ཐོག་ལས་ སོ་ནམ་སྡེ་ཚན་དེ་ གོང་འཕེལ་དང་ ཕན་ནུས་ཅན་བཟོ་ནི་ཚུ་ཨིནམ་བཞིན་དུ་ ན་གཞོན་ཚུ་ ཧེ་མ་ལས་ར་ ལྕོགས་གྲུབ་ཚུ་གོང་འཕེལ་བཏང་ནི་དང་ སྤུས་ཚད་ཅན་བཟོ་ནི་ བདག་དབང་འབད་བཅུག་ནི་ དེ་ལས་ ཁས་བླངས་འབད་བཅུག་ནི་ཚུ་ ག་ར་དེ་ནང་ཚུད་དེ་ཡོད་ཟེར་ དྲུང་ཆེན་གྱིས་ བཤདཔ་ཨིན་པས།
རྩིས་ལོ་༢༠༢༤ དང་༢༠༢༥ གི་སྐྦས་ལུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་སྡེ་ཚན་ནང་ འཆར་དངུལ་ དངུལ་ཀྲམ་ ཐེ་འབུམ་༡༠.༢༣ བཞག་ཡོདཔ་ད་ དེ་གིས་ ལྷན་ཁག་གི་ཡོངས་འབོར་འཆར་དངུལ་ལས་ བརྒྱ་ཆ་༡༠ དེ་ཅིག་གི་རྩིས་ཨིན་པས།
མ་འོངས་ལོ་ལྔའི་ནང་འཁོད་ལུ་ གཞུང་གི་དམིགས་ཡུལ་དེ་ སོ་ནམ་སྡེ་ཚན་གྱི་ཁ་ཐུག་ལས་ ནང་འཁོད་ཐོན་སྐྱེད་ལྷན་ཐབས་དངུལ་ཀྲམ་ཐེར་འབུམ་༥༠ འབད་ཚུགས་པའི་རྩིས་ཨིནམ་མ་ཚད་ ཕྱིར་ཚོང་དེ་དངུལ་ཀྲམ་ཐེར་འབུམ་༦ གི་རྩིས་སྦེ་་གྲུབ་འབྲས་མཐར་འཁྱོལ་འབྱུང་ཐབས་འབད་ནི་ཨིན་པས།
འབྲུག་རྒྱལ་ཁབ་ནང་ ས་ཆ་ཚོད་སྙོམས་ལུ་ བཟའ་སྤྱོད་འབད་བཏུབ་མི་བརྒྱ་ཆ་༨ དང་ ཡང་ཅིན་ཨེ་ཀར་༢༧༧,༠༠༠ དེཅིག་ཡོདཔ་བཞིན་དུ་ ཚོད་དཔག་ཐོག་ལ་འབདཝ་ད་ ད་ལྟོ་བཟའ་སྤྱོད་འབད་བཞིན་དུ་ཡོད་མི་དེ་ བརྒྱ་ཆ་༢༣ ཨིན་པས།
གཞུང་ཚབ་ཀེན་ཤི་མི་ཛུ་གིས་ བཤད་མིའི་ནང་ འབྲུག་ལུ་ནང་འཁོད་ཀྱི་བཟའ་ཆས་གྲོས་གནས་ལེའུ་ཚན་ འགོ་འབྱེད་འབད་མི་དེ་ འགོ་བཙུགས་པའི་བསྒང་ལས་ར་ དོན་ཚན་ཁག་གསརཔ་ལེ་ཤ་ཅིག་ཡོད་ཟེར་ཨིནམ་ད་ འབྲུག་རྒྱལ་ཁབ་ནང་ དོན་ཚན་མ་འདྲཝ་ཚུ་ཡང་ ཕན་ཚུན་ནང་མཐུན་ ཨང་ཅན་གཡུས་ཚན་ རྒྱལ་ཁབ་ཅིག་ནང་ ཐོན་སྐྱེད་ཅིག་ལ་སོགས་པ་ཚུ་ལུ་ གཙོ་རིམ་སྒྲིག་དོ་ཡོདཔ་སྦེ་ཨིནམ་ད་ གཞན་དང་གཞན་ཡང་ བློ་གཏད་རྒྱབ་སྐྱོར་མ་དངུལ་ཚུ་ ལས་འགུལ་ནང་བཙུགས་ཏེ་ འབད་ནི་ཨིན་རུང་་ད་ལྟོ་འདི་གི་གྲངས་སུ་མེདཔ་ཨིན་པས།
ཁྲི་འཛིན་འགོམ་ ཡུ་ཨེན་སི་ཨར་སི་དང་ ཡོངས་ཁྱབ་མདོ་ཆེན་རིན་ཆེན་ཆོས་འཕེལ་གྱིས་ སོ་ནམ་བཟའ་ཆས་གནད་དོན་ནང་ ན་གཞོན་མཐུན་འགྱུར་ཚུ་ གལ་ཆེཝ་སྦེ་ཡོདཔ་ད་ ན་གཞོན་ཚུ་ལུ་ ག་ཅི་དགོཔ་ཨིན་ན་ཉན་ནི་དང་ ཁོང་གི་སེམས་ཁར་བབས་པའི་གནད་དོན་ཐོག་ལུ་ བཟོ་བཀོད་བསྒྲིག་ནི་ཚུ་གལ་ཆེཝ་སྦེ་ཡོད་ཟེར་ཨིན་པས།
གཞུང་གི་ཁ་ཐུག་ལས་འབད་རུང་ སོ་ནམ་བཟའ་ཆས་སྡེ་ཚན་དེ་ བརྒྱ་ཆ་༨.༣ གྱི་འཕེལ་ཚད་ཚུ་ འཆར་གཞི་༡༣ པའི་ནང་བཟོ་ནི་དང་ དེ་ཚུ་ཡང་ ཚོང་འབྲེལ་དང་ སྤུས་ཚད་ལེགས་ལྡན་ལུ་ དམིགས་གཏད་བསྐྱེད་དེ་འབད་ནི་ཨིན་པས།
སོ་ནམ་དང་ སྒོ་ནོར་ལྷན་ཁག་གིས་ ལས་སྡེ་གཞན་ཚུ་དང་མཉམ་འབྲེལ་ཐོག་ལས་ གྲོས་བསྡུར་དེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement