༉ ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་དང་འཁྲིལཝ་ད་ དམ་ཆུ་གི་ ནགས་ཚལ་མེ་རྐྱེན་དེ་ ད་རིས་ སྤ་སྒར་གཡུས་ཚན་ནང་ འཕྱེལ་ཡོདཔ་ཨིན་རུང་ གཡུས་ཚན་དེ་ ཉེན་སྲུང་ཐོག་ལུ་ཡོདཔ་མ་ཚད་ མིའི་ཚེ་སྲོག་དང་ རྒྱུ་དངོས་ཚུ་ལུ་ གནོད་སྐྱོན་མ་འབྱུང་པར་ཡོད་ཟེར་ཨིན་པས།
ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱིས་ ནགས་མེ་ལྟ་རྟོག་འབད་ནི་དང་ མེ་བསད་མི་ཚུ་ ས་ཁོངས་ཚུ་ནང་ གཞི་བཙུགས་འབད་ནིའི་དོན་ལུ་ གནམ་འཕུར་འཕྲུལ་ཆས་ ཌཱོན་ཚུ་ ལག་ལེན་འཐབ་སྟེ་ཡོད་ཟེར་ཨིན་པས།
དམ་ཆུའི་ནགས་ཚལ་མེ་རྐྱེན་ནང་ ད་ལྟོ་ཚུན་ ཁྱིམ་དང་ སྦ་སྒོར་ཚུ་བརྩིས་ཏེ་ སྡོད་གནས་༩ ལུ་ གནོད་སྐྱོན་རྐྱབ་ཡོདཔ་བཞིན་དུ་ འཕྲོ་མཐུན་དེ་ར་ བསད་པའི་བསྒང་ཡོད་པའི་གནས་ཚུལ།

Advertisement