ཁ་ཙ་ ཆུ་ཁའི་ས་གནས་ དམ་ཆུ་ལུ་ ནགས་ཚལ་མེ་རྐྱེན་ཤོར་མི་དེ་ རླུང་འཚུབས་འཕུ་མི་དང་ བྱག་དང་རི་རྩུབ་དྲགས་སྦེ་ཡོད་མི་ལུ་བརྟེན་ བསད་ནི་ལུ་ གདོང་ལེན་བྱུང་ཡོདཔ་བཞིན་དུ་ ད་རིས་ཡང་ ཁྲིམས་སྲུང་འགག་པ་དང་ བསྟན་སྲུག་དམག་མི་ བདེ་སྲུངཔ་ ཌན་ཊག་ ནགས་ཚལ་འགོ་དཔོན་ དེ་ལས་ ས་གནས་ཀྱི་ཁས་བླངས་པ་ཚུ་གིས་ འཕྲོ་མཐུད་དེ་ར་ མེ་བསད་པའི་བསྒང་ཡོདཔ་ད་ དེ་བཟུམ་སྦེ་ སྤ་རོ་དང་ ཧཱ་ལུ་ཡང་ ནགས་ཚལ་མེ་རྐྱེན་ཤོར་མི་ཚུ་ འཕྲོ་མཐུད་བསད་པའི་བསྒང་ཡོད་པའི་གནས་ཚུལ།