༉ སྤྱི་ལོ་༢༠༢༩ འི་ནང་འཁོད་ལུ་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༥ འགྲུབ་ནི་དང་འབྲེལ་ མི་རེའི་ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཡེ་ཨིསི་ཌོ་ལར་༦,༡༧༤ ལྷགཔ་རེ་བཟོ་ཐབས་ལུ་ གཞུང་གིས་ ངོས་འཛིན་ཅན་གྱི་ ལས་སྡེ་༧ ལས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལྷན་ཐབས་ དངུལ་ཀྲམ་ཐེར་འབུམ་༢༢༥.༥༩ གི་ དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན་པས།
དེ་ཡང་ འཆར་གཞི་༡༣ པ་དང་འཁྲིལ་ཏེ་ཨིནམ་ད་ འཆར་གཞི་དེ་གི་འོག་ལུ་ སོ་ནམ་ལས་སྡེ་གིས་ སྤྱི་ལོ་༢༠༢༣ ལུ་ དངུལ་ཀྲམ་ཐེར་འབུམ་༣༦.༤༨ ལས་ སྤྱི་ལོ་༢༠༢༩ འི་ནང་འཁོད་ལུ་ ནང་འཁོད་ཐོན་སྐྱེད་ལུ་ དངུལ་ཀྲམ་ཐེར་འབུམ་༥༨.༧ འབདཝ་ད་ སྤྱིར་སྙོམས་བརྒྱ་ཆ་༨.༣ ལྷན་ཐབས་འབད་ཚུགས་པའི་ དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ས་གཏེར་དང་རྡོ་གཏེར་ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ དངུལ་ཀྲམ་ཐེར་འབུམ་༩.༠༩ ལས་ དངུལ་ཀྲམ་ཐེར་འབུམ་༤.༦༣ འབདཝ་ད་ བརྒྱ་ཆ་༡༡.༩ དེ་ཅིག་ ལྷན་ཐབས་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
བཟོ་སྐྲུན་ལས་སྡེ་གིས་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༢༤.༦༡ ལས་ དངུལ་ཀྲམ་ཐེར་འབུམ་༤༣.༥༩ དང་ གློག་མེ་དང་ནུས་ཤུགས་ཀྱིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ལྷན་ཐབས་དེ་ དངུལ་ཀྲམ་ཐེར་འབུམ་༣༠.༥༣ ལས་ དངུལ་ཀྲམ་ཐེར་འབུམ་༥༣ ལུ་ ཡར་འཕར་འགྱོ་ནི་བཟུམ་ཅིག་ཡོདཔ་ཨིན་པས།
ཆུ་དང་འབྲེལ་བའི་ བཟོ་གྲྭ་ལས་སྡེ་ཚུ་གིས་ དངུལ་ཀྲམ་ཐེར་འབུམ་༥༤ ལས་ སྤྱི་ལོ་༢༠༢༩ གི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༡༠༣ ལུ་ ཡར་སེང་འགྱོ་ནི་དང་ བཟོ་སྐྲུན་ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ལྷན་ཐབས་དེ་ དངུལ་ཀྲམ་ཐེར་འབུམ་༡༩.༢ ལས་ དངུལ་ཀྲམ་ཐེར་འབུམ་༤༣.༡༡ འགྱོ་ནི་གི་ དམིགས་གཏད་བསྐྱེས་དེ་ ཡོདཔ་ཨིན་པས།
དེ་ལས་ ཌི་ཇི་ཊཱལ་ལས་སྡེ་གིས་ དངུལ་ཀྲམ་ཐེར་འབུམ་༡༥ དེ་ཅིག་ ལྷན་ཐབས་འབད་ནི་ཨིན་པས།
འཆར་གཞི་༡༣ པ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འབྱོར་གྱི་ གཞི་རྩ་ལུ་ གཞི་གཞི་སྟེ་ སྤྱི་ལོ་༢༠༣༤ ལུ་ འབྲུག་འདི་ འོང་འབབ་མཐོ་ཤོས་ཀྱི་ རྒྱལ་ཁབ་ཅིག་སྦེ་ བཟོ་ནི་གི་ དམིགས་གཏད་བསྐྱེད་དེ་ ཡོདཔ་ཨིན་པས།
དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ རྒྱལ་ཡོངས་ཀྱི་ལས་རིམ་ དཔལ་འབྱོར་གཞི་སྒྱུར་དང་ དུས་རབས་༢༡ པའི་རིག་རྩལ་སྦྱོང་བརྡར་ དེ་ལས་ སྐྱེ་ལྡན་སྣ་ཚོགས་དང་ལྡོག་ཤུགས་ཚུ་བརྩིས་ཏེ་ ཁག་༣ ཡོདཔ་ཨིན་པས།
དཔལ་འབྱོར་གཞི་སྒྱུར་ལས་རིམ་གྱི་འོག་ལུ་ གཞུང་གིས་ ལས་འགུལ་༧༦ དེ་ཅིག་ གཞི་བཙུགས་འབད་ནིའི་དོན་ལུ་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༨༠ བགོ་བཀྲམ་འབད་ཡོདཔ་ཨིན་པས།
གཞུང་གིས་ དཔལ་འབྱོར་གཞི་སྒྱུར་ལས་རིམ་ཚུ་ཡང་ སྒེར་སྡེ་གོང་འཕེལ་དང་ གྲལ་གཏོགས་ཀྱི་ལྷན་ཐབས་འབད་ནི་དང་ ཐབས་བྱུས་ཅན་གྱི་མཐུན་རྐྱེན་ཚུ་ལུ་ མ་རྩ་གཞི་བཙུགས་འབད་ནི་ དེ་ལས་ སྔར་སྲོལ་གྱི་གོང་འཕེལ་ལས་སྣ་དང་ ཡར་རྒྱས་ཀྱི་ལས་སྣ་གསརཔ་ཚུ་ནང་ མ་རྩ་བཙུགས་ཐོག་ལས་ འགྲུབ་ཚུགས་ནི་གི་ དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།
གཞུང་གིས་ ཚོང་འབྲེལ་དང་ དཔལ་འབྱོར་གོང་འཕེལ་གཏང་ནི་གི་ གནས་སྟངས་ཚུ་ལེགས་ཤོམ་བཟོ་ནི་ལུ་ སྒེར་སྡེ་གོང་འཕེལ་དང་ གྲལ་གཏོགས་ཀྱི་ ལྷན་ཐབས་འབད་ནི་ཨིན་པས།
དེ་ཡང་ བཅའ་ཡིག་དང་སྒྲིག་གཞི་ ལེགས་ཤོམ་བཟོ་ནི་དང་ དངུལ་འབྲེལ་དང་འབྲེལ་བའི་ དཀའ་ངལ་བསལ་ནི་ ཚོང་འབྲེལ་གཞི་བཙུགས་གོང་འཕེལ་གཏང་ནི་ དེ་ལས་ ལས་སྡེ་ཚུ་ནང་ ཕན་ནུས་ལྷན་ཐབས་འབད་ནི་ཨིན་པས།
གཞུང་གིས་ དཔལ་འབྱོར་དང་ ཐོན་སྐྱེད་གོང་འཕེལ་གཏང་ནིའི་དོན་ལུ་ གཞི་རྟེན་མཐུན་རྐྱེན་ འཁོར་ལམ་དང་ ཟམ་ གནམ་གྲུ་ཐང་ རིལ་ལི་ལམ་ཚུ་ནང་ མ་རྩ་གཞི་བཙུགས་ཀྱི་ ཐབས་བྱུས་བཏོན་ནི་ཨིན་པས།
དེ་གིས་ མཐུན་འབྲེལ་ལྷན་ཐབས་དང་ སྐྱེལ་འདྲེན་གྱི་ཟད་འགྲོ་མར་ཕབ་ དེ་ལས་ ཁྲོམ་སྡེ་ནང་ སྡོད་མི་ཚུ་གི་ འཚོ་བའི་གནས་སྟངས་ཡང་ ཡར་དྲག་གཏང་ཚུགས་ནི་ཨིན་པས།
གཞུང་གིས་ སོ་ནམ་དང་ གློག་མེ་ རང་བཞིན་དང་ནུས་ཤུགས་ བཟོ་སྐྲུན་ དེ་ལས་ ཌི་ཇི་ཊཱོལ་དཔལ་འབྱོར་ཚུ་ལུ་ཡང་ མ་རྩ་གཞི་བཙུགས་འབད་ནི་ཨིན་པས།
འཆར་གཞི་༡༣ པའི་ ཟིན་བྲིས་ནང་ འབྲུག་གི་མི་སེར་ཚུ་ དུས་རབས་༢༡ པའི་ དཔལ་འབྱོར་གྱི་དོན་ལུ་ འབྲེལ་ཡོད་ཡོན་ཏན་དང་ རིག་རྩལ་ཚུ་ ཁྱད་ཚད་ལྡནམ་སྦེ་བཟོ་ཐབས་ནི་ཨིན་པས།
ལས་རིམ་དེ་ནང་ མ་རྩ་གཞི་བཙུགས་འབད་མི་དེ་གིས་ རྒྱལ་ཁབ་ནང་ མི་སྟོབས་ཡར་དྲག་གཏང་ནི་དང་ ན་གཞོན་ཚུ་ ལཱ་གཡོག་གི་ཐོབ་སྐལ་ལུ་ རྒྱབ་སྐྱོར་འབད་བའི་ཁར་ འབྲུག་རྒྱལ་ཁབ་ཀྱི་ ཡུན་རིང་དོན་ལུ་ འོང་འབབ་ཆེ་བའི་གནས་ཚད་ཁར་ ལྷོད་ཚུགསཔ་འབད་ནིའི་ཐབས་ལམ་ གཙོ་བོ་ཅིག་ཨིན་པས།
དེ་ལས་ བར་འཛུལ་གྱི་ ཐབས་ལམ་གཙོ་བོ་གཅིགཔོ་དེ་ འཕྲུལ་རིག་དང་ལག་ཤེས་སྦྱོང་བརྡར་ལམ་ལུགས་དང་ ཆེ་རིམ་ཤེས་ཡོན་ལམ་ལུགས་ དེ་ལས་ ཚེ་གང་སློབ་སྦྱོང་གི་སྲོལ་ ཡར་འཕེལ་གྱི་གཞི་སྒྱུར་འབད་ནི་ཨིན་པས།
དུས་རབས་༢༡ པའི་ ལས་གཡོགཔ་བཟོ་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡༠ ལས་རིམ་འདི་གི་ཐོག་ལས་གཏང་ནི་ཨིན་པས།
གནམ་གཤིས་ཟློག་ཐབས་དང་ སྐྱེ་ལྡན་གནས་སྟངས་སྣ་ཚོགས་ལས་རིམ་ནང་ ཆུར་བརྟེན་གློག་ཤུགས་དང་ ལྟ་བཤལ་ སོ་ནམ་དང་སྒོ་ནོར་ དེ་ལས་ ནགས་ཚལ་དང་སྐྱེ་ལྡན་རིགས་སྣ་དང་ གཙང་ཆུ་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
ལས་རིམ་དེ་ གནམ་གཤིས་ཟློག་ཐབས་དང་ སྐྱེ་ལྡན་གནས་སྟངས་སྣ་ཚོགས་ལས་རིམ་དེ་ རྒྱལ་ཁབ་ཀྱིས་ ནག་རྫས་མར་ཕབ་དང་ གནམ་གཤིས་ཟློག་ཐབས་གོང་འཕེལ་མདུན་སྐྱོད་ དེ་ལས་ སྔོ་ལྗང་སྐྱེ་ལྡན་ཡར་དྲག་གི་དམིགས་གཏད་གྲུབ་ཡོདཔ་ ངེས་བརྟན་བཟོ་ནི་ལུ་ དམིགས་ཡུལ་བསྐྱེདཔ་ཨིན་པས།
འཆར་གཞི་དང་འཁྲིལ་བ་ཅིན་ སྤྱི་ལོ་༡༩༨༠ལུ་ དཔལ་འབྱོར་ཡར་དྲག་ བརྒྱ་ཆ་༡༠.༩ དང་ མི་རེའི་ནང་འཁོད་ཐོན་སྐྱེད་འབོར་དེ་ སྤྱི་ལོ་༢༠༢༢ ལུ་ ཡུ་ཨེསི་ཌོ་ལར་༣,༨༣༣.༣ ལུ་ ཡར་འཕར་སོང་ནུག་ཟེར་ཨིན་པས།
ཨིན་རུང་ དཔལ་འབྱོར་གྱི་ ལམ་ལུགས་བསྒྱུར་བཅོས་འགྱོ་མི་ལུ་ ལཱ་གཡོག་ཚད་གཅིག་ལས་བརྒལ་ མ་བཟོ་བར་ཡོདཔ་ད་ གློག་ཤུགས་ལུ་ མ་རྩ་གཞི་བཙུགས་ལུ་ བརྟེན་དོ་ཡོདཔ་ཨིན་པས།
འཆར་གཞི་ནང་ གདོང་ལེ་ཤ་ཡོད་མི་ལུ་བརྟེན་ དཔལ་འབྱོར་སྣ་མང་ལུ་ དཀའ་ངལ་བྱུང་སྟེ་ཡོདཔ་ད་ དེ་ཚུ་ཡང་ ས་ཁམས་དང་འབྲེལ་བའི་གདོང་ལེན་དང་ གཞི་རྟེན་མཁོ་ཆས་མ་ལང་མི་ དེ་ལས་ གཙུག་སྡེའི་ གདོང་ལེན་ཚུ་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ ན་གཞོན་དང་འབྲེལ་བའི་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་ལུ་བརྟེན་ ལཱ་འབད་ཚུགས་མི་དང་ རིག་རྩལ་ཅན་གྱི་ མི་ངོམ་ཚུ་ ཕྱིའི་རྒྱལ་ཁབ་ལུ་ འགྱོ་མི་ཡར་སེང་དེ་གིས་ འབྲུག་ལུ་ དཀའ་ངལ་བྱུངམ་ཨིན་པས།
འཆར་གཞི་ནང་བཀོད་མིའི་ནང་ ལས་སྡེ་ཚུ་ནང་ ཐོན་སྐྱེད་མེདཔ་ལས་ དཔལ་འབྱོར་དྲག་གཏང་ནི་ལུ་ ཐོ་ཕོག་སྟེ་ཡོདཔ་ད་ དེ་ཡང་ བདག་སྐྱོང་གི་ཟད་འགྲོ་ ལྕི་དྲགས་དང་ སྲིད་བྱུས་དང་འབྲེལ་བའི་ དཀའ་ངལ་ལ་སོགས་པ་ཚུ་ བྱིན་དོ་ཡོདཔ་ཨིན་པས།
འབྲུག་གི་ མ་རྩའི་ཚོང་ལམ་དེ་ གོང་འཕེལ་མ་འགྱོ་བར་ལུས་མི་དེ་ཡང་ དངུལ་འབྲེལ་གྱི་རྒྱབ་སྐྱོར་ དམིགས་བསལ་དུ་ ཚོང་ལམ་ཆུང་བ་ཚུ་ལུ་ གཏའམ་དང་ སྐྱིན་འགྲུལ་ལེན་པའི་ ཟད་འགྲོ་མངམ་སྦེ་གནས་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement