༉ འབྲུག་གི་པར་རིས་མཁན་བཱསིཊ་གི་ འགྲེམས་སྟོན་ལས་རིམ་ནང་ ལྟ་རྟོག་འབད་མི་ཚུ་གིས་ སྟོན་པའི་སྐུ་འདྲ་སྣ་ཚོགས་ དབྱེ་ཁག་༣༥ དེ་ཅིག་ བྲིས་མིའི་ལས་རིམ་དང་བཅསཔ་སྦེ་ གསལ་སྟོན་འབད་ཡོདཔ་ཨིན་པས།
སྟོན་པའི་སྐུ་འདྲ་༣༥ དང་བཅས་པའི་སྒོ་ལས་ དེ་བཞིན་གཤེགས་པ་ལ་གུས་བཏུད་ཟེར་བའི་ བརྗོད་དོན་ཐོག་ པར་རིས་མཁནམ་ཚུ་གིས་ གསལ་སྟོན་འབད་མིའི་ནང་ འབྲུག་གི་བྱིན་རླབས་ཅན་གྱི་ ལམ་སྲོལ་བཟང་པོའི་པར་རིས་ཚུ་ འགྲེམས་སྟོན་འབད་དེ་ མཐོང་གསལ་དང་ འཆར་སྣང་ དེ་ལས་ ཆོས་ཕྱོགས་ཀྱི་ཉམས་མྱོང་དང་འབྲེལ་བའི་ དུས་ཚོད་ཚུ་ གསལ་སྟོན་འབད་དོ་ཡོདཔ་ཨིན་པས།
འགྲེམས་སྟོན་ལས་རིམ་དེ་ འབྲུག་པར་རིས་མཁནམ་བཱསིཊ་དང་ ཨརཊི་ཡུ་ནའེ་ཊེཌ་མཉམ་འབྲེལ་ཐོག་ལས་ ན་ཧིང་གི་ལོ་ནང་ འགོ་འདྲེན་འཐབ་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ད་ དེ་ཁར་ སྟོན་པའི་སྐུ་འདྲ་སྣ་མང་༣༥ ཡོདཔ་བཞིན་དུ་ དེ་གིས་ ནང་པའི་ཆོས་ཀྱི་ ཐེག་པ་ཆེན་པོའི་ལྟ་བ་སྐོར་ལས་ བརྡ་མཚོན་ཚུ་སྟོནམ་ཨིན་པས།
སྟོན་པ་ཚུ་གིས་ ཆོས་འབྲེལ་གྱི་ གསང་སྔགས་ཟབ་མོའི་ཕྱག་འགན་ཚུ་ བཞེས་ཡོད་པའི་ ཕྱག་ལཱ་སྣ་མང་གསལ་སྟོན་དང་ འབྲེལ་ཡོད་ཚུ་ པར་རིས་ཐོག་ལས་སྦེ་ མོས་གུས་དང་བཅས་པའི་སྒོ་ལས་ གསོལ་བ་བཏབ་མི་གིས་ མ་ཚད་པར་ དེ་གི་དོན་བཅུད་ཀྱི་སྙིང་པོ་དང་ ཤེས་རབ་ཡེ་ཤེས་ཀྱི་ གོ་དོན་ཚུ་ཡང་ ཧ་གོ་ཚུགས་ནི་དང་ སངས་རྒྱས་རེ་གིས་ རང་སོའི་ཐུགས་རྗེ་བྱིན་རླབས་མ་འདྲཝ་སྦེ་ བྱུང་དོ་ཡོད་པའི་ཁར་ ཆོས་དང་འབྲེལ་བའི་ ལག་ལེན་འཐབ་མི་དང་ དད་མོས་ཅན་ཚུ་ལུ་ཡང་ ཐུགས་རྗེ་གཟིགས་དོ་ཡོདཔ་ཨིན་པས།
འགྲེམས་སྟོན་དེ་གིས་ ཁྱད་ཆོས་དང་ ཁྱད་རིག་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ནའི་ བརྡ་མཚོན་ཚུ་གསལ་སྟོན་འབད་ཚུགསཔ་ཨིན་པས།
ལྟ་བཤལ་ལུ་འོང་མི་ཚུ་གིས་ སངས་རྒྱས་རེ་རེ་བཞིན་གྱི་ ཐུགས་རྗེ་བྱིན་རླབས་ཚུ་ ག་དེ་སྦེ་བྱུང་དོ་ཡོདཔ་ཨིན་ན་ ཆོས་ཀྱི་ལམ་ཕྱོགས་ཐོག་ལས་ གཞན་དང་མ་འདྲ་བའི་ གསལ་སྟོན་ཚུ་ འབད་དོ་ཡོདཔ་ཨིན་པས།
དེ་གིས་སྦེ་ ཆོས་དང་འབྲེལ་བའི་ བསམ་སྤྱོད་དང་ སངས་རྒྱས་ཀྱིས་ རྗེས་སུ་བཟུང་ནིའི་གོ་སྐབས་ཚུ་ ཡོད་ལུགས་ཀྱི་ གནད་དོན་ཚུ་ཡོདཔ་ཨིན་པས།
སངས་རྒྱས་རིགས་སོ་སོར་སྦེ་༣༥ ཡོད་མི་ཚུ་གིས་ ཐུགས་རྗེ་བྱིན་རླབས་དང་ རྗེས་སུ་བཟུང་མི་དེ་ ཐེག་པ་ཆེན་པོའི་ལྟ་བ་ཨིན་པའི་ངོས་འཛིན་དང་ ཁོང་གིས་ དེང་སང་གི་དུས་སྐལ་ནང་ བྱམས་བརྩེ་དང་ ཤེས་རབ་ལ་སོགས་པའི་ གལ་གནད་ཆེ་བའི་སྐོར་ལས་ ནན་བསྐུལ་འབདཝ་ཨིན་པས།
སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཚུ་གི་ མཚན་བརྗོད་དེ་ དད་མོས་ཀྱི་སྒོ་ལས་ མཚན་ཡང་ལས་ཡང་དུ་བསགས་པའི་སྐབས་ རང་གི་བརྒྱུད་ལུ་ཡོད་པའི་ ལས་ཀྱི་སྒྲིབ་པ་དག་ནི་དང་ དམ་པའི་ཆོས་ཀྱི་ བྱིན་རླབས་འཇུག་ནིའི་ རེ་བ་བསྐྱེད་དོ་ཡོདཔ་ད་ ལམ་འདི་ཚུ་ལུ་བརྟེན་ འགྲོ་བ་རིགས་དྲུག་གི་སེམས་ཅན་ཚུ་ མ་རིག་པའི་སྒྲིབ་པ་ལས་སངས་ཏེ་ ཐར་པ་དང་ ཐམས་ཅད་མཁྱེན་པའི་གོ་འཕང་ལུ་ འཇུག་ཚུགས་པའི་ ལམ་སྟོན་བཟང་པོ་ཅིག་ཨིན་པས།
འབྲུག་པར་རིས་མཁནམ་བཱསིཊ་དང་ ཨརཊི་ཡུ་ནའེ་ཊེཌ་གཉིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་ འགྲེམས་སྟོན་ལས་རིམ་དེ་ སྤྱི་ཟླ་༡༠ པའི་ཚེས་༡༣ ཚུན་ བཞག་ནི་ཨིན་པའིག་ནས་ཚུལ།

ཚེ་རིང་དབང་འདུས།

Advertisement