ཁ་ཙ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་ནང་སྦེ་ བླམ་༡ དང་ དབུ་འཛིན་༢ བསྐོ་བཞག་ཐོག་ བཀྲ་ཤིས་ལེགས་དར་གནང་ཡོདཔ་ད་ དེ་ཡང་ (གཡས་ཁ་ཐུག་ལས་) མཁན་པོ་ཡེ་ཤེས་རྡོ་རྗེ་དེ་ ཐིམ་ཕུག་གསང་སྔགས་ཟབ་དོན་ཕོ་བྲང་བཤད་གྲྭའི་ དབུ་འཛིན་གསརཔ་དང་ མཁན་པོ་བསོད་ནམས་རྒྱལ་མཚན་དེ་ གསང་ཆེན་རྡོ་རྗེ་ལྷུན་གྲུབ་ཨ་ནེམོ་གི་ མཐོ་རིམ་བཤད་གྲྭའི་དབུ་འཛིན་གསརཔ་ དེ་ལས་ མཁན་པོ་ལས་སྐྱིད་མཁའ་འགྲོ་དེ་ རྒྱ་གར་རཱཇ་གིར་གྱི་ བླམ་སྦེ་བསྐོ་བཞག་གནང་ཡོད་པའི་གནས་ཚུལ།