༉ སྤྱི་ཟླ་༧ པའི་ཚེས་༢༨ ལུ་ འབྲུག་གིས་ འགོ་ཐོག་དང་པ་ ཟླཝ་གི་གོ་བརྡ་ཟེར་མི་ བརྗོད་དོན་ཐོག་ལུ་ ཟླཝ་གི་འགྲེམས་སྟོན་དང་གཅིག་ཁར་ རྒྱལ་སྤྱི་ཟླཝ་གི་ཉིནམ་ བརྩི་སྲུང་འབད་ཡོདཔ་ད་ ལས་རིམ་ནང་ ཐིམ་ཕུག་ལུ་ སློབ་གྲྭ་༨ ཀྱི་ སློབ་རིམ་༩ པ་དང་༡༠པའི་ སློབ་ཕྲུག་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་བཞིན་དུ་ ཝང་བར་མ་སློབ་གྲྭ་ལྟེ་བ་གིས་ ཨང་དང་པ་ཐོན་ཡོདཔ་ཨིན་པས།
བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་གོང་མ་གིས་ ཨང་༢ པ་དང་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མ་གིས་ ཨང་༣ པ་ཐོན་ཡོདཔ་ད་ རྒྱལ་ཁ་ཐོབ་མི་ཚུ་ལུ་ ཤེས་རིག་བློན་པོ་ ཡིད་བཟང་ཌི་ཐཱ་པ་གིས་ ལག་ཁྱེར་དང་ དངུལ་རྐྱང་གི་ གསོལ་རས་ཚུ་ བྱིན་ཡོད་པའི་གནས་ཚུལ།

Advertisement