༉ ཁ་ཙ་ སངས་རྒྱས་བསྟན་འཛིན་གྱིས་ པེ་རིསི་ ལི་ཌི་ཕེནསི་རྩེད་ར་ནང་ མི་ཊར་༡༠༠འབད་མི་ ཕི་རི་ཨིསཊི་ཊ་ཡེལ་ ཆུ་རྩལ་འགྲན་བསྡུར་ནང་ ཨང་༣ པ་ཐོན་ཡོདཔ་ད་ ཁོ་གིས་ དུས་ཡུན་སྐར་ཆ་༥༦.༠༨ ནང་ མཇུག་བསྡུ་ཡོདཔ་ཨིན་པས།
ཆུ་རྩལ་འགྲན་བསྡུར་ནང་ དོ་འགྲན་འབད་མི་༧ ཡོདཔ་བཞིན་དུ་ ཆུ་རྩལཔ་༧༩ ཡོད་མི་ལས་ སངས་རྒྱས་བསྟན་འཛིན་གྱིས་ ཨང་༧༤ པ་ ཐོན་ཡོདཔ་ཨིན་པས།
འབྲུག་ཨོ་ལིམ་པིག་ཚོགས་ཆུང་གི་གཙོ་འཛིན་ མི་དབང་རྒྱལ་སྲས་འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ འབྲུག་པའི་འཐུས་མི་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་ནང་ གཟིགས་བཞུགས་གནང་ཡོད་པའི་གནས་ཚུལ།