༉ བླམ་རྡོ་རྗེ་གིས་ པེ་རིསི་༢༠༢༤ ལོའི་ ཨོ་ལིམ་པིག་རྩེད་འགྲན་གྱི་ མདའ་རྩེད་འགྲན་བསྡུར་ནང་ ཁོ་རའི་བྱང་ཕྱད་ ཨི་ཊ་ལི་ལས་ ཨེ་ལེསི་སེན་ཌོ་ པའོ་ལི་དང་གཅིག་ཁར་ འགྲན་བསྡུར་འབདཝ་ད་ སྐོར་ཐེངས་༢ པམ་དེ་ རྒྱལ་ཁ་ཐོབ་ཚུགས་རུང་ ཤུལ་མའི་ སྐོར་ཐེངས་ཆ་ཚང་༣ ཕམ་སོཔ་ཨིན་པས།
བླམ་རྡོ་རྗེ་གིས་ རྩེད་འགྲན་ལེགས་ཤོམ་འབད་ཚུགས་མི་ལུ་བརྟེན་ ཁོ་གི་ གྲུབ་འབྲས་ལུ་ལྟ་སྟེ་ འབྲུག་མི་ཚུ་ ངལ་རངས་སྦོམ་བྱུང་ཡོད་པའི་གནས་ཚུལ།