༉ གལ་སྲིད་ ཨ་མོ་ཆུ་ལུ་ཡོད་པའི་ གནས་སྐབས་ཀྱི་སྡོད་ཁྱིམ་ཚུ་ ལས་འགུལ་གྱི་ ས་ཁོངས་ནང་ར་ སྡོད་པ་ཅིན་ ཕུན་ཚོགས་གླིང་ ཁྲོམ་སྡེ་ས་ཁོངས་གོང་འཕེལ་ལས་འགུལ་གྱི་ དབྱེ་ཁག་དང་པ་དེ་ ཞག་དུས་སྤྱི་ལོ་༢༠༢༥ ཟླ་༡༢ པའི་ནང་ མཇུག་བསྡུ་ཚུགས་པར་ ལཱ་ཁག་གཏང་ནི་ བཟུམ་ཅིག་ཡོདཔ་ཨིན་པས།
གནས་སྐབས་ཀྱི་ ཁྱིམ་ཚུ་ཡང་ སྤྱི་ལོ་༢༠༢༠ ལུ་ ཀོ་བིཌ་-༡༩ ལུ་བརྟེན་ གནོད་པ་བྱུང་མི་ བཟའ་ཚང་ཚུ་གི་དོན་ལུ་ ས་ཆ་ཨེ་ཀར་༡༧ ནང་ རྐྱབ་མི་འབདཝ་ད་ ལས་འགུལ་གྱི་ ས་ཁོངས་ཡོངས་བསྡོམས་ ཨེ་ཀར་༡༦༠ ཡོད་མི་ལས་ སྡོད་ཁྱིམ་ཚུ་གིས་ བརྒྱ་ཆ་༡༡ ཁྱབ་ཡོདཔ་ཨིན་པས།
དེ་གིས་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལས་ སྐྱིན་འགྲུལ་ཐོག་ལེན་མི་ མ་དངུལ་དངུལ་ཀྲམ་ས་ཡ་༢༢༧ ཡང་ཅིན་ བརྒྱ་ཆ་༡༣ ལག་ལེན་འཐབ་མ་ཚུགས་པར་ ལུས་ནི་ཨིན་པས།
ལས་འགུལ་གྱི་ ཞི་བའི་ལཱ་གི་དབྱེ་ཁག་དང་པ་ གཙང་ཆུ་མཐའམ་བདའ་སྟེ་ རྩིགཔ་རྐྱབ་ནི་དང་ ཆུ་བྱག་ཚུ་ སྤྱི་ལོ་༢༠༢༢ ཟླ་༡༡ པའི་ནང་ རྐྱབ་ཚར་ཡོདཔ་ད་ དབྱེ་ཁག་༢ པའི་ནང་ ཁྲོམ་སྡེ་གཞི་རྟེན་ལཱ་ཚུ་ བརྒྱ་ཆ་༤༥ མཇུག་བསྡུ་ཡོདཔ་ཨིན་པས།
ལས་འགུལ་དེ་ ནེ་པཱལ་གྱི་ལས་སྡེ་ ཀ་ལི་ཀ་དང་ རིག་གསར་བཟོ་སྐྲུན་ལས་སྡེ་གིས་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༡.༧༤ ཐོག་ལུ་ རྐྱབ་དོ་ཡོདཔ་བཞིན་དུ་ དེ་ནང་ ལས་མི་༣༠༠ དེ་ཅིག་ཡོདཔ་ཨིན་པས།
ད་རེས་ ལས་འགུལ་དེ་ ཞག་དུས་ལས་ བརྒྱ་ཆ་༣ དང་༤ དེ་ཅིག་ རྒྱབ་ལུས་ཏེ་ཡོདཔ་ད་ ཨིན་རུང་ ལས་འགུལ་འཛིན་སྐྱོང་གིས་ སྤྱི་ལོ་༢༠༢༥ ཟླ་༥ པའི་ནང་ མཇུག་བསྡུ་ནིའི་ རེ་བ་ཡོདཔ་བཞིན་དུ་ ཟླཝ་༡༠ རྐྱངམ་གཅིག་ ཡོདཔ་ཨིན་པས།
འབྲུག་བཟོ་སྐྲུན་གོང་འཕེལ་ལས་སྡེའི་ ལས་འགུལ་མདོ་ཆེན་ ཀ་མཱལ་ཌ་ཀཱལ་གྱིས་ སླབ་མིའི་ནང་ ལས་འགུལ་གྱི་ ཡན་ལག་ལས་སྣ་ག་ར་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་ སྐྱིན་འགྲུལ་སྒོ་མ་བསྡམ་པའི་ཧེ་མ་ལས་ མཇུག་བསྡུ་འོང་ཟེར་ཨིན་པས།
སྔོ་ལྗང་དང་ སའི་དབྱིབས་དང་འབྲེལ་བའི་ལཱ་ཚུ་ དུས་ཅི་ ལོ་མཇུག་བསྡུ་ཁམས་ལུ་ རིན་བསྡུར་འབད་ནིའི་ ལས་རིམ་ཡོདཔ་ཨིན་པས།
ཁྲོམ་སྡེའི་ས་ཁོངས་འཛིན་སྐྱོང་དང་ མ་རྩ་གཞི་བཙུགས་གོང་འཕེལ་གྱི་ རྒྱབ་སྐྱོར་དོན་ལས་ ལས་འགུལ་གྱིས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ བཟོ་སྐྲུན་གོང་འཕེལ་ལས་འཛིན་དང་ གྲོས་བསྟུན་འབད་དོ་ཡོདཔ་ད་ ལས་འགུལ་གཞན་ཚུ་གིས་ མ་རྩ་གཞི་བཙུགས་འབད་མི་ཚུ་ལུ་ སེམས་ཤུགས་ཅན་བཟོ་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།
ཕུན་ཚོགས་གླིང་ ཁྲོམ་སྡེ་ས་ཁོངས་གོང་འཕེལ་ལས་འགུལ་གྱིས་ འཆར་དངུལ་ཡུ་ཨེསི་ཌི་ས་ཡ་༩༣ ཡོད་མི་ལས་ བརྒྱ་ཆ་༦༥ ལག་ལེན་འཐབ་ཡོདཔ་ད་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ གནང་བྱིན་ཡུ་ཨེསི་ཌོ་ལར་ས་ཡ་༣༤.༢༦ དང་ སྐྱིན་འགྲུལ་ཡུ་ཨེསི་ཌི་ས་ཡ་༤༧.༢༤ བརྩིས་ཏེ་ ཡུ་ཨེསི་ཌོ་ལར་ས་ཡ་༨༡.༥ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ལྷག་ལུས་ ཡུ་ཨེསི་ཌོ་ལར་ས་ཡ་༡༡(བརྒྱ་ཆ་༩) དེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ བགོ་བཤའ་སྦེ་ མ་རྩ་གཞི་བཙུགས་འབད་ནུག།
འགོ་བཙུགས་ཀྱི་ལཱ་ རྒྱ་གར་གྱི་བཟོ་སྐྲུན་ལས་སྡེ་ ཨེཕ་ཀོསི་གཞི་རྟེན་ལས་སྡེ་གིས་ འཛིན་སྐྱོང་འཐབ་མི་ནང་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༣.༥༡༨ འབདཝ་ད་ བརྒྱ་ཆ་༡༨ དེ་ཅིག་ ཡར་སེང་སོང་མི་དེ་ཡང་ ནད་ཡམས་ལུ་བརྟེན་ སྐྱ་ནམ་གྱི་ གོང་ཚད་ཡར་འཕར་སོང་མི་ལུ་བརྟེན་ཨིན་པས།
སྤྱི་ལོ་༢༠༡༨ ལས་ འགོ་བཙུགས་མི་ ལས་འགུལ་གྱི་ཞག་དུས་དེ་ སྤྱི་ལོ་༢༠༢༡ ཟླ་༥ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ སྤྱི་ལོ་༢༠༢༢ མ་གཏོགས་ མཇུག་བསྡུ་མ་ཚུགསཔ་ཨིན་པས།
གཙང་ཆུ་བདའ་སྟེ་ རྩིགཔ་དང་ ཆུ་བྱག་བཟོ་སྐྲུན་ མཇུག་བསྡུ་བ་ཅིན་ ཨ་མོ་ཆུ་ལས་ ཆུ་རུད་འཐོན་ནི་གི་ ཉེན་ཁ་ཚུ་ མར་ཕབ་འབད་ཚུགས་ནི་ཨིན་རུང་ གནམ་བྱཱར་གྱི་སྐབས་ བཙོག་ཆུ་གི་ གཡུར་བ་༡༣ བསུབས་པ་ཅིན་ ཉེན་ཁ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རིག་རྒྱུན་བརྟན་དང་ ཆུ་མཇུག་ཉེན་སྲུང་གོང་འཕེལ་གཏང་ནི་ལུ་ གཞུང་གི་ཁ་ཐུག་ལས་ རྒྱབ་སྐྱོར་དགོཔ་ཡོདཔ་ད་ གནད་དོན་དེ་གིས་ ཁྲོམ་གོང་འཕེལ་གཏང་ནི་ནང་ མ་རྩ་གཞི་བཙུགས་འབད་ནི་ལུ་ གནོད་པ་རྐྱབ་ནིའི་ ཉེན་ཁ་ཡོདཔ་ཨིན་པས།
བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ ལས་འགུལ་འཛིན་སྐྱོང་པ་ ལྷུན་གྲུབ་རྡོ་རྗེ་གིས་ སླབ་མིའི་ནང་ ཆུ་གཡུར་༦ དེ་ དམིགས་བསལ་དུ་ ཕུན་ཚོགས་གླིང་-ཅམ་ཀུ་ན་འཁོར་ལམ་ལས་འགུལ་དང་ ཨ་མོ་ཆུ་ས་གནས་ས་ཁོངས་འཆར་གཞི་(ཨེ་ཀར་༡༠༠) དེ་ལས་ ཁྲོམ་སྡེ་ས་ཁོངས་ཚུ་ནང་ ཚ་གྱང་ཡོད་མི་དེ་ཡང་ ཆུ་རུད་འཐོན་ནིའི་ ཉེན་ཁ་ཡོད་པའི་ཁར་ མི་གི་ཚེ་སྲོག་ལུ་ཡང་ བར་ཆད་རྐྱབ་ནིའི་ ཉེན་ཁ་སྦོམ་ར་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༢༣ ཟླ་༦ པའི་ནང་ ཆུ་རུད་ཐོན་ཏེ་ ཆུ་གཡུར་༦ གི་ ཉེ་འདབས་ལུ་ཡོད་པའི་ ཁྱིམ་ཚུ་གནོད་སྐྱོན་རྐྱབ་ཡོདཔ་ལས་ རྡོ་རུག་ཚུ་ འཕྱགས་པའི་སྐབས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣.༤ དེ་ཅིག་ གནས་ཡོདཔ་ཨིན་པས།
སྤོ་ཏོག་རྒྱུན་བརྟན་འབད་ནི་ལུ་ བར་འཛུལ་ཡུན་བརྟན་གྱི་ སྣ་མང་ལས་སྡེ་ཅིག་མེདཔ་ལས་ གནད་དོན་དེ་ ཡང་བསྐྱར་དུ་ གནམ་བྱཱར་ཨ་རྟག་ར་ ཐོན་དོ་ཡོདཔ་བཞིན་དུ་ རྒྱུ་དངོས་ཚུ་ལུ་མེདཔ་རྐྱབ་ནི་དང་ ལོག་རྐྱབ་པའི་སྐབས་ ཟད་འགྲོ་མངམ་གནས་ནི་གི་ ཉེན་ཁ་འདུག་ཟེར་ཨིན་པས།
ད་ལྟོའི་ ཚོང་འབྲེལ་གྱི་ གནས་སྟངས་འོག་ལུ་ ས་གོ་མཁོ་འདོད་བཟོ་ནི་ལུ་ ཕུན་ཚོགས་གླིང་གོང་འཕེལ་འགྱོ་ནི་ལུ་ ལོ་བཅུ་ཕྲག་ལས་བཅད་དེ་ འགོར་ནི་བཟུམ་ཡོདཔ་ད་ ཕུན་ཚོགས་གླིང་ ཁྲོམ་སྡེ་ས་ཁོངས་གོང་འཕེལ་དེ་ མཐར་འཁྱོལ་ཅན་གྱི་ ཁྲོམ་སྡེ་བཟོ་ནི་ལུ་ སྲིད་བྱུས་བསྒྱུར་བཅོས་དང་ གཞུང་ལས་ རྒྱབ་སྐྱོར་སྒྲིང་སྒྲི་ དགོཔ་ཡོདཔ་ཨིན་པས།
ད་རེས་ མ་འོངས་གོང་འཕེལ་དང་ རྒྱབ་སྐྱོར་དེ་ ངེས་མེད་གནས་སྟངས་ལུ་ཡོདཔ་ད་ ཁྲོམ་སྡེ་ས་ཁོངས་གོང་འཕེལ་ནང་ ཨེ་ཀར་༢༤༠ ཁྱབ་པའི་ རྒྱ་ཁྱབ་ས་ཁོངས་ཁ་པ་དང་ ཨེ་ཀར་༦༥༠ འབད་མི་ རྒྱ་ཁྱབ་ས་ཁོངས་ག་པ་ དེ་ལས་ ས་གོ་ཆུང་ཀུ་ རྒྱ་ཁྱབ་ས་ཁོངས་༥ ཚུ་ ཚུད་དོ་ཡོདཔ་ད་ གངས་རི་གི་ ས་ཁོངས་ཚུ་ཡང་ ལས་འགུལ་འོག་ལུ་ ཚུད་དེ་ཡོདཔ་བཞིན་དུ་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་པའི་ ས་ཁོངས་ཅིག་སྦེ་ ངོས་འཛིན་འབད་ནུག།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ ཁྲོམ་གོང་འཕེལ་ལས་འགུལ་གྱི་ ས་ཁོངས་མཁོ་འདོད་དང་ དཔལ་འབྱོར་གོང་འཕེལ་གྱི་ལཱ་ཚུ་ འགོ་ཁྲིད་འབད་དོ་ཡོདཔ་ད་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ གོང་འཕེལ་འཛིན་སྐྱོང་འཐབ་དོ་ཡོདཔ་བཞིན་དུ་ ཆུ་རུད་བཀག་ཐབས་དང་ ཡུན་བརྟན་གཞི་རྟེན་ལུ་ གཙོ་རིམ་བཟུང་དོ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།