༉ གསུང་སྤྲུལ་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་༣༠༠ དེ་ཅིག་གིས་ ཀུར་སྟོད་སེངྒེ་རྫོང་ནང་ ཉིན་གྲངས་༡༠ འབད་མི་ ཕུར་པའི་སྒྲུབ་ཆེན་དེ་ རང་ཟླ་༨ པ་ཤུལ་མའི་ཚེས་༢༥ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ དད་ཅན་སྐྱ་སེར་ཕོ་མོ་༥༠༠ ལྷགཔ་ཅིག་འཛོམས་ཡོདཔ་ད་ ཕུར་པའི་སྒྲུབ་ཆེན་གནང་དགོ་མི་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ཚུ་འགྲུབ་ནི་དང་ འཛམ་གླིང་ནང་ དམག་འཁྲུགས་ཚུ་ཞི་སྟེ་ ཞི་བདེའི་ངང་ལུ་ གནས་ཐབས་ཀྱི་དོན་ལས་ ཨིན་པའི་གནས་ཚུལ།