༉ གནམ་བྱཱར་གྱི་ དུས་ཚོད་འ་ནེམ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲོམ་ཁར་སྡོད་མི་ཚུ་ དྲོད་ཤུགས་ཀྱི་དཀའ་ངལ་བྱུང་མི་གིས་མ་ཚད་ དུས་ཡུན་ཆུ་ཚོད་༢༤ གི་རིང་ འཐུང་ཆུ་བཀྲམ་སྤེལ་མེདཔ་ལས་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་འདུག།
བསམ་གྲུབ་ལྗོངས་མཁར་གྱི་ ཁྲོམ་སྡེ་ནང་ འཐུང་ཆུ་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ བདེ་སྲུང་ཆུའི་ལས་འགུལ་གྱིས་ འཐུང་ཆུ་བཀྲམ་སྤེལ་ཁང་གསརཔ་ཅིག་ གཞི་བཙུགས་འབད་ཡོད་རུང་ ཁྲོམ་སྡེའི་ས་ཁོངས་ མང་ཤོས་ཅིག་ནང་ དུས་ཡུན་ཆུ་ཚོད་༢༤ གི་རིང་ འཐུང་ཆུ་མི་ཐོབ་དོ་ཡོདཔ་ཨིན་པས།
ཁྲོམ་སྡེ་ནང་སྡོད་དེ་ ཡུན་རིངམོ་སོང་མི་ བསོད་ནམས་ཀྱིས་ སླབ་མིའི་ནང་ ཁྲོམ་སྡེ་གིས་ འཕྲལ་ཁམས་ཅིག་ཁར་ འཐུང་ཆུ་བཀྲམ་སྤེལ་ཁང་གསརཔ་ཅིག་ གཞི་བཙུགས་འབད་ཡོད་རུང་ འཐུང་ཆུའི་དཀའ་ངལ་དེ་ འཕྲོ་མཐུད་དེ་ར་ བྱུང་བཞིན་དུ་ཡོད་ཟེར་ཨིན་པས།
དེ་ལས་ གནམ་བྱཱར་འགོ་བཙུགས་པའི་སྐབས་ ས་གནས་ནང་སྡོད་མི་ཚུ་ལུ་ ལྷག་པར་དུ་ ཆུའི་དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
གནམ་བྱཱར་ལུ་ འཕྲལ་འཕྲལ་འབད་ར་ ཆུ་རུད་ཀྱིས་ ཆུ་དུང་ཚུ་ འཕྱགས་བདའ་དོ་ཡོདཔ་ལས་ ཆུ་དང་འབྲེལ་བའི་ དཀའ་ངལ་བྱུང་སྟེ་ ང་བཅས་ཀྱིས་ ཆརཔ་གི་ཆུ་ ཡང་ཅིན་ གདུང་བསམ་གཙང་ཆུ་ནང་ལས་ དབོག་དགོཔ་བྱུངམ་མས་ཟེར་ བསོད་ནམས་ཀྱིས་ བཤདཔ་ཨིན་པས།
ཁྱིམ་གྱི་ཇོ་བདག་ སངས་རྒྱས་དཔལ་མོ་གིས་ སླབ་མིའི་ནང་ འཐུང་ཆུའི་དཀའ་ངལ་དེ་ དུས་ཡུན་རིངམོ་སྦེ་ བྱུང་པའི་སྐབས་ ཁང་གླ་སྡོད་མི་ཚུ་ ཁྱིམ་སོ་སོ་འཚོལ་ཏེ་ འགྱོ་དོ་ཡོདཔ་ལས་ གནད་དོན་དེ་ལུ་ག་ནི་ཡང་ འབད་ཐབས་མིན་འདུག་ཟེར་ཨིན་པས།
འཐུང་ཆུའི་ དཀའ་ངལ་ལུ་བརྟེན་ ཁྲོམ་ཁར་ཚོང་རྐྱབ་མི་ཚུ་ལུ་ཡང་ ཐོ་ཕོག་སྟེ་ཡོདཔ་ཨིན་པས།
ཟ་ཁང་གི་ཇོ་བདག་ པ་འུལ་ཆེ་ཏི་རི་གིས་ སླབ་མིའི་ནང་ འཐུང་ཆུ་མ་ལང་མི་གིས་ ཚོང་འབྲེལ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཡོདཔ་བཞིན་དུ་ འཐུང་ཆུ་མེད་པའི་བསྒང༌ལས༌ ཚོང་འབྲེལ་འཐབ་མི་ཚུགས་པས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ འཐུང་ཆུ་མ་ལང་པའི་ དཀའ་ངལ་གཙོ་བོ་ར་ ད་ལྟོའི་ འཐུང་ཆུའི་བཀྲམ་སྤེལ་མཐུད་སྦྲེལ་དེ་ རྙིངམ་ཐལ་ཡོདཔ་ལས་ ཆུ་ལེགས་ཤོམ་སྦེ་ བཀྲམ་སྤེལ་འབད་མི་ཚུགས་དོ་ཡོདཔ་ཨིན་པས།
ཁྲོམ་གྱི་ཆུ་དུང་ མང་ཤོས་ཅིག་ སྤྱི་ལོ་༡༩༩༠ ལུ་ བཙུགས་ཡོད་མི་ཚུ་ཨིན་པས།
ཁྲོམ་སྡེ་གིས་ འཐུང་ཆུ་བཀྲམ་སྤེལ་མཐུད་སྦྲེལ་གསརཔ་ རྐྱབ་ནི་གི་ལཱ་ འགོ་བཙུགས་ཏེ་ ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ཁྲོམ་དཔོན་ འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཁྲོམ་སྡེའི་འཐུང་ཆུ་བཀྲམ་སྤེལ་མཐུད་སྦྲེལ་གྱི་ལཱ་ བརྒྱ་ཆ་༩༠ དེ་ཅིག་ མཇུག་བསྡུ་ཡོདཔ་ད་ འདས་པའི་ལོ་ཚུ་ནང་ལས་ འགོ་བཙུགས་ཏེ་ ཁྲོམ་སྡེ་གིས་ དམིགས་བསལ་དུ་ འཐུང་ཆུའི་དཀའ་ངལ་ སེལ་ཐབས་འབད་ནི་ལུ་ རྩ་འགེངས་ཏེ་ཡོད་ཟེར་ཨིན་པས།
ད་རེས་ ཆུ་དུང་རྙིངམ་ཚུ་ ཚབ་བཙུགས་དོ་ཡོདཔ་ལས་ དཀའ་ངལ་སེལ་ཐབས་འབད་ཚུགས་པའི་ རེ་བ་ཡོད་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་སྡེའི་ས་ཁོངས་ གཞན་ཚུ་དང་ཕྱདཔ་ད་ ཆུ་དུང་ནང་ལས་ ཆུ་འཛགས་ཐོན་གྱི་ དཀའ་ངལ་ལུ་བརྟེན་ ས་གནས་ས་ཁོངས་འཆར་གཞི་༢ པ་དང་༣ པའི་ནང་ ཆུའི་དཀའ་ངལ་ སྦོམ་སྦེ་ར་ཡོདཔ་ལས་ ལཱ་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
འཐུང་ཆུ་བཀྲམ་སྤེལ་དང་ བཙོག་གཡུར་མཐུད་སྦྲེལ་འབད་ནིའི་དོན་ལུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༡༣༧ རྒྱབ་སྐྱོར་བྱིན་ཡོདཔ་ཨིན་པས།
ཁྲོམ་སྡེ་དེ་ ས་མཚམས་སྒོ་ར་ལས་ བདེ་བའི་ཐང་ཚུན་ རྒྱ་སྐྱེད་འབད་ཡོད་པའི་ཁར་ ས་གནས་ནང་ འདེམས་ཁོངས་༦ ཡོདཔ་བཞིན་དུ་ སྤྱི་ཚོགས་ཀྱིས་ ཁྲོམ་སྡེ་ཀ་པ་སྦེ་ སྤྱི་ལོ་༢༠༡༠ ལུ་ གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།