ཁ་ཙ་ ཐིམ་ཕུག་ བཀྲིས་ཆོས་རྫོང་ནང་སྦེ་ ལས་ཚོགས་སློབ་དཔོན་མཆོག་གིས་ ཐའེ་ལེནཌི་ལུ་ཡོད་པའི་ མ་ཧ་ཅུ་ལ་ལོང་ཀཱོན་གཙུག་ལག་སློབ་སྡེའི་ འཐུས་མི་ཚུ་དང་ མཇལ་ཕྲད་གནང་པའི་སྐབས་ ད་ལྟོ་ཚུན་ གཞུང་གྲྭ་ཚང་གི་ དགེ་འདུན་སློབ་ཕྲུག་ཚུ་ལུ་ སློབ་གཉེར་གྲོགས་རམ་གནང་མི་ལུ་ ལས་ཚོགས་སློབ་དཔོན་མཆོག་གིས་ གཙུག་ལག་སློབ་སྡེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་ད་ འཐུས་མི་ཚུ་གིས་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་དང་ བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭ་ དེ་ལས་ ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་སྐུ་མདུན་ལུ་ མཆོད་མེ་དང་ ཐུགས་སྨོན་ཚུ་ གནང་ཡོད་པའི་གནས་ཚུལ།