༉ ཁ་ཙ་ དགེ་ལེགས་ཕུག་ཁྲོམ་སྡེའི་ རྩེད་ཐང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་དབུ་བཞུགས་ཐོག་ གྲྭ་ཚང་འཕགས་པའི་ དགེ་སློང་ཚུ་གིས་ མགོན་པོའི་མདོས་ཆོག་གནང་སར་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་བྱེད་ཚོགས་ཆུང་གིས་གཙོས་པའི་ དད་ཅན་གྱི་མི་སེར་སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ཨིན་པས།
མགོན་པོའི་མདོས་ཆོག་གནང་དགོ་མི་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་སྲས་གསུམ་དང་ སྐུ་འཁོར་ལྷན་རྒྱས་ཚུ་གིས་གཙོས་པའི་ མི་སེར་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ཀྱི་སྐུ་རིམ་དང་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ དྲན་ཤེས་ཁྲོམ་ཚོགས་ཀྱི་ལས་འགུལ་ཚུ་ རྐྱེན་ངན་བར་ཆད་ཚུ་ གང་ཡང་མེད་པར་ ཡིད་བཞིན་འགྲུབ་པའི་ཆེད་དུ་ཨིན་པས།
ཉིན་གྲངས་༣ འབད་མི་ མགོན་པོའི་མདོས་ཆོག་དེ་ ནངས་པར་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།