༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐུ་སྒེར་ཚོགས་སྡེའི་ ཁྲི་འཛིན་དང་ ཁྲི་འཛིན་འོག་མ་ བསྐོ་བཞག་ཐོག་ ལེགས་དར་གནང་ཡོདཔ་ཨིན་པས།
བློན་པོ་རྟ་མགྲིན་རྡོ་རྗེ་(མཁས་དབང་)ལུ་ འབུ་རས་ལི་ཝང་གནང་ཡོདཔ་བཞིན་དུ་ སྐུ་སྒེར་ཚོགས་སྡེའི་ ཁྲི་འཛིན་སྦེ་ བསྐོ་བཞག་གནང་ཡོདཔ་ད་ བློན་པོ་རྟ་མགྲིན་རྡོ་རྗེ་གིས་ སྤྱི་ལོ་༡༩༧༦ ཟླ་༡༢ པའི་ནང་ པུ་ནི་ལུ་ དམག་སྡེ་གི་ གསོ་བའི་མཐོ་རིམ་སློབ་གྲྭ་ནང་ལས་ མཐར་འཁྱོལ་བྱུང་བའི་ཤུལ་ལུ་ བསྟན་སྲུང་དྲག་པོའི་དམག་སྡེ་ནང་ འགོ་དཔོན་འབད་དེ་ ལོ་ངོ་༣༠ ཕྱག་ཞུ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བློན་པོ་རྟ་མགྲིན་རྡོ་རྗེ་ལུ་ འབུ་རས་དམརཔོ་ གནང་ཡོདཔ་ཨིན་པས།
དྲགོས་སྐལ་བཟང་དབང་འདུས་ལུ་ ལྷན་རྒྱས་འོགམ་གི་ བཀབ་ནེ་གནང་ཡོདཔ་བཞིན་དུ་ སྐུ་སྒེར་ཚོགས་སྡེའི་ ཁྲི་འཛིན་འོག་མ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།
དྲགོས་སྐལ་བཟང་དབང་འདུས་ཀྱིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་དང་ འབྲུག་གི་སྐུ་ཚབ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།
སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ བློན་པོ་རྟ་མགྲིན་རྡོ་རྗེ་(གཡས་)དང་ སྐུ་སྒེར་ཚོགས་སྡེའི་ ཁྲི་འཛིན་འོགམ་ དྲགོས་སྐལ་བཟང་དབང་འདུས།