༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ གཟིགས་སྐོར་གནང་པའི་ཤུལ་ལས་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ལོག་ཐིམ་ཕུག་ལུ་ ཕེབས་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ བདུན་ཕྲག་གི་རིང་ ཕུན་ཚོགས་གླིང་དང་ བསམ་རྩེ་ དགེ་ལེགས་ཕུག་ དེ་ལས་ རྩི་རང་ལུ་ གཟིགས་སྐོར་གནང་ཡོདཔ་ཨིན་པས།
གཟིགས་སྐོར་གནང་པའི་སྐབས་ མི་དབང་མཆོག་གིས་ བསམ་རྩེ་དང་ དགེ་ལེགས་ཕུག་ལུ་ སྦྱོང་བརྡར་ལྟེ་བ་ཁག་ཚུ་ནང་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ བདེ་སྲུང་ཤོ་ཐེངས་༦༣ པ་(བཀོད་ཁྱབ་གནས་རིམ་)དང་ ཤོ་ཐེངས་༦༤ པའི་ བདེ་སྲུངཔ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
དེ་མ་ཚད་ མི་དབང་མཆོག་གིས་ རྫོང་ཁག་ཚུ་ནང་གི་ མི་སྡེའི་ སྡེ་ཚན་སྣ་ཚོགས་ལས་ མི་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་མ་ཚད་ ད་ལྟོ་ ལཱ་འབད་བའི་བསྒང་ཡོད་མི་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་སྐོར་ལས་ གསུངས་ཡོདཔ་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ བདེ་སྲུང་ཤོ་ཐེངས་༦༣ པ་(བཀོད་ཁྱབ་གནས་རིམ་)དང་ ཤོ་ཐེངས་༦༤ པའི་ བདེ་སྲུངཔ་ཚུ་དང་གཅིག་ཁར་ ལྷན་བཞུགས་གནང་པའི་བསྒང་།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསམ་རྩེ་ལུ་ རྫོང་ཁག་གི་ ངོ་ཚབ་ཚུ་དང་གཅིག་ཁར་ ཞལ་འདྲིས་གནང་པའི་བསྒང་།

Advertisement