༉ མོང་གོ་ལི་ཡ་གི་ སྲིད་འཛིན་ཁུ་རེལ་སུག་ ཨུག་ནཱ་གིས་ མགྲོན་བརྡ་ཕུལ་མི་དང་བསྟུན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མོང་གོ་ལི་ཡ་ལུ་ འཕྲོ་མཐུད་དེ་ར་ གཟིགས་སྐོར་གནང་པའི་བསྒང་ཡོདཔ་ཨིན་པས།
ཁ་ཙ་ མི་དབང་སྐུ་འཁོར་ཚུ་གིས་ ཅིང་གིསི་ཁཱན་རྒྱལ་ཡོངས་འགྲེམས་སྟོན་ཁང་ནང་ གཟིགས་སྐོར་གནང་ཡོདཔ་ད་ དེ་བསྒང་ འགྲེམ་སྟོན་ཁང་གི་ མདོ་ཆེན་དང་ སློབ་རིག་མཁན་ དེ་ལས་ ཚན་རིག་པ་ ཨེསི་ ཅུ་ལཱུན་གྱིས་ བསུ་བ་ཕུལ་ཡོདཔ་བཞིན་དུ་ འགྲེམ་སྟོན་ཁང་གི་ ལམ་སྟོན་དང་གསལ་བཤད་ཚུ་ ཕུལ་ཡོདཔ་ཨིན་པས།
མི་དབང་སྐུ་འཁོར་ཚུ་གིས་ འགྲེམས་སྟོན་ཁང་ནང་ གཟིགས་ཞིབ་ལེགས་པར་གནང་པའི་ཤུལ་ལས་ མགྲེམས་སྟོན་ཁང་གི་ མགྲོན་དེབ་ནང་ ཁོང་རའི་ ཐུགས་ཀྱི་འཕྲིན་དོན་ཚུ་བཀོད་དེ་ ཕྱག་རྟགས་གནང་ཡོད་པའི་གནས་ཚུལ།
འབྱུང་ཁུངས་: མོང་གོ་ལི་ཡན་རྒྱལ་ཡོངས་གནས་ཚུལ་ངོ་ཚབ།