༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ ཐིམ་ཕུག་ བཀྲིས་ཆོས་རྫོང་ནང་སྦེ་ ལི་སོ་ཐོ་གི་ རྒྱལཔོ་དང་ རྒྱལ་བཙུན་ལུ་ མཇལ་ཕྲད་གནང་ཡོདཔ་ཨིན་པས།

ལི་སོ་ཐོ་གི་ རྒྱལ་བཙུན་དང་གཅིག་ཁར་ ཕྱག་ཞུ་སྟེ་ རྒྱལ་སྲསམོ་༢ ཡང་ བྱོན་ཡོདཔ་ཨིན་པས།

ལི་སོ་ཐོ་གི་ སྐུ་འཁོར་ཚུ་ རང་ལུགས་ཆིབས་གྲལ་བཙར་ཏེ་ བཀྲིས་ཆོས་རྫོང་ནང་ གདན་འདྲེན་ཞུ་མི་དང་བསྟུན་ མི་དབང་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ བྱོན་ཞུ་གནང་ཡོདཔ་ཨིན་པས།

ཕེབས་བསུའི་རྟེན་འབྲེལ་ནང་ རྒྱལ་གཞུང་འབྲུག་གི་བསྟན་སྲུང་དམག་སྡེ་དང་ ཁྲིམས་སྲུ་འགག་སྡེ་ རྒྱལ་པོའི་སྐུ་སྲུང་ དེ་ལས་ བདེ་སྲུངཔ་ཚུ་གིས་ དྲག་པོའི་སྟི་སྭོ་ ཞུ་ཡོདཔ་ཨིན་པས།

ལི་སོ་ཐོ་གི་ རྒྱལཔོ་དང་ སྐུ་འཁོར་ཚུ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགྲོན་བརྡ་གནང་ཡོདཔ་བཞིན་དུ་ ཉིན་གྲངས་༨ ཀྱི་ གཟིགས་སྐོར་ནང་ སྤྱི་ཟླ་༨ པའི་ཚེས་༢༠ ལུ་ འབྲུག་ལུ་ཕེབས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement