༉ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དཱ་ས་ཡན་ ཊི་ཀའི་ ཐུགས་སྨོན་གནང་མི་དེ་ དུས་སྟོན་བརྩི་སྲུང་འབད་མི་ཚུ་གི་དོན་ལུ་ རྫོང་ཁག་ཚུ་ནང་ སྐྱེལ་བཏང་ཡོདཔ་ད་ དཱ་ས་ཡན་དུས་སྟོན་ལུ་ རྒས་ཤོས་ཚུ་གིས་ ཁོང་རའི་ ཨ་ལོ་ཚུ་ལུ་ ཊི་ཀ་སྦྱར་དོ་ཡོདཔ་ད་ དེ་ཡང་ ཁོང་རའི་ སྨོན་འདེབས་དང་ སྲུང་སྐྱོབ་ཀྱི་ བརྡ་མཚོན་སྟོནམ་ཨིན་པས།
མི་དབང་མཆོག་གིས་ ལོ་ཨ་རྟག་ར་ དཱ་ས་ཡན་ ཊི་ཀའི་ ཐུགས་སྨོན་གནང་མི་དེ་ སྔར་སྲོལ་ལྟར་དུ་ཨིནམ་ད་ ཊི་ཀ་ཐོབ་མི་ བཟའ་ཚང་ཚུ་གི་དོན་ལུ་ མི་དབང་མཆོག་ལས་ ཐུགས་སྨོན་ཐོབ་མི་དང་ ཅོག་འཐདཔ་ཨིན་པས།
དཱ་ས་ཡན་དེ་ འབྲུག་ལུ་ ཧིན་དུ་མི་སྡེ་ཚུ་གིས་ བརྩི་སྲུང་འབད་མི་ དུས་སྟོན་ཁག་ཆེ་ཤོས་ཅིག་ཨིནམ་བཞིན་དུ་ དུས་ཅི་ སྤྱི་ཟླ་༡༠ པའི་ཚེས་༣ ལུ་ རྒྱལ་ཁབ་མཐའ་དབུས་མེད་པའི་ ཧིན་དུ་ལྷ་ཁང་ཚུ་ནང་ གསུང་ཆོག་གནང་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།