༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགར་ས་ལ་ཡ་ལུ་ རྒྱལ་འཛིན་ལ་མཐོ་སའི་དུས་སྟོན་ཐེངས་༧ པའི་ ཉིནམ་དང་པའི་ནང་ དབུ་བཞུགས་མཛད་གནང་ཡོདཔ་ད་ ཉིན་གྲངས་༢ འབད་མི་ དུས་སྟོན་དེ་ སྤྱི་ཟླ་༡༠ པའི་ཚེས་༢༣ ལས་ འགོ་བཙུགས་ཡོདཔ་ཨིན་པས།
ལ་ཡ་ལུ་ རྒྱལ་འཛིན་ལ་མཐོ་སའི་ དུས་སྟོན་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༢༠༡༦ ལུ་ གཞི་བཙུགས་གནང་ཡོདཔ་བཞིན་དུ་ འབྲུག་གི་ ལ་མཐོ་སའི་ མི་སྡེ་ཚུ་གི་ ལམ་སྲོལ་ཕྱུགཔོ་དང་ གོམས་གཤིས་ དེ་ལས་ འཚོ་བའི་གནས་སྟངས་ཚུ་ གསལ་སྟོན་འབདཝ་ཨིན་པས།
དུས་སྟོན་སྐབས་ ལ་མཐོ་སའི་ རང་ལུགས་ཀྱི་རྩེདམོ་དང་ སྒོ་ནོར་གྱི་འགྲེམས་སྟོན་ བཞེས་སྒོ་དང་ཐོན་སྐྱེད་རིགས་ དེ་ལས་ གླུ་གཞས་ཚུ་ གཟི་བརྗིད་དང་ལྡན་པའི་ཁར་ ཉམས་དགའ་བའི་ གངས་རིའི་སྤང་ཐང་ཅིག་ནང་ འགོ་འདྲེན་འཐབ་ཨིན་པས།
དུས་སྟོན་དེ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ ལ་མཐོ་སའི་མི་སེར་ཚུ་ གཅིག་ཁར་འཛོམས་བཅུག་ཞིནམ་ལས་ ཁོང་རའི་ གཞན་དང་མ་འདྲ་བའི་ མི་ཚེའི་གནས་སྟངས་དང་ རང་ལུགས་ཀྱི་ཤེས་ཡོན་རྒྱུ་དངོས་དང་ རིག་པ་ཚུ་ གསལ་སྟོན་འབད་དོ་ཡོདཔ་ད་ དེ་གིས་ མི་སྡེ་ཚུ་ལུ་ འཛམ་གླིང་ནང་ གདོང་ལེན་ཅན་ཅིག་ཨིན་མི་ སའི་ཆགས་ཚུལ་རྩུབ་དྲགས་ཚུ་ནང་ ཡར་དྲག་གཏང་ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement