༉ ཁ་ཙ་ མི་དབང་མཆོག་གིས་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ ཞུ་བའི་སྐབས་ ཨ་རུན་ཀ་པུར་དང་ རྒྱལ་པོའི་གཟིམ་དཔོན་ ཨོ་རྒྱན་ ཀེ་ རྣམ་རྒྱལ་ དེ་ལས་ བཟང་ལ་རྣམ་རྒྱལ་ཚུ་ལུ་ དཔོན་གཉིས་སྐལ་མའི་ འབུ་རས་དམརཔོ་གནང་ཡི།
དྲག་ཤོས་ ཨ་རུན་ཀ་པུར་ལུ་ ཤེས་རིག་ནང་ ལོ་༤༠ གི་ ཉམས་མྱོང་ཡོདཔ་བཞིན་དུ་ ཁོ་གིས་ ལུང་ཕྱོགས་ནང་ རྒྱབ་རྟེན་མ་འདྲཝ་ཡོད་མི་ ཨ་ལུ་ཚུ་དང་གཅིག་ཁར་ ལཱ་འབད་ཡོདཔ་ཨིན་པས།
དྲག་ཤོས་ཨ་རུན་ཀ་པུར་གྱིས་ རྒྱལ་ཁབ་ནང་ ཕྱག་ཕྱིད་གང་དྲག་ཞུ་བའི་ ངོས་འཛིན་ལུ་ སྤྱི་ལོ་༢༠༡༩ ལུ་ མི་དབང་ཞབས་ལས་ འབྲུག་ཐུགས་སྲས་ཀྱི་རྟགས་མ་ཡང་ ཐོབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༨ ལས་ འགོ་བཙུགས་ཏེ་ དྲགོས་ཨ་རུན་ཀ་པུར་གྱིས་ སྤ་རོ་ སྤང་སྦིས་སའི་ རྒྱལ་འཛིན་སློབ་གྲྭ་གི་ མདོ་ཆེན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་གིས་ ཝ་སཱནཊ་ཝེ་ལི་སློབ་གྲྭ་དང་ པཱལ་ལ་བེན་ ནེཊ་ཝཌ་སློབ་གྲྭ་ བཱལ་ལ་བེན་ལྷབ་སྦྱང་ལམ་ལུགས་ལ་སོགས་པ་ཚུ་བརྩིས་ཏེ་ རྒྱ་གར་ལུ་ ཡོངས་གྲགས་ཅན་གྱི་ སློབ་གྲྭ་ལེ་ཤ་ཅིག་ར་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དྲགོས་ཨ་རུན་ཀ་པུར་གྱིས་ ཁྱད་ཚད་ཅན་གྱི་ མི་སྡེ་ཡར་དྲག་གཏང་ནིའི་དོན་ལུ་ གཞུང་མིན་ལས་ཚོགས་ཅིག་ཨིན་མི་ རི་ཊི་ཇ་ལི་ཟེར་མི་ཅིག་ཡང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
རྒྱལ་སྤྱི་ནང་ དྲགོས་ཨ་རུན་ཀ་པུར་དེ་ ཨ་ར་བི་ཡ་ ཨོ་མཱན་ལུ་ པ་ར་ཌེསི་ ཝེ་ལི་སྒེར་སྡེ་སློབ་གྲྭ་ཅིག་ གཞི་བཙུགས་འབད་ནི་གི་ འགན་ཁུར་ཅིག་ཡང་ འབག་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ གྲྭ་ཚང་ལྷན་ཚོགས་ཀྱི་དྲུང་ཆེན་ བཟང་ལ་རྣམ་རྒྱལ་ལུ་ཡང་ དཔོན་གཉིས་སྐལ་མའི་ འབུ་རས་དང་དཔའ་རྟགས་གནང་ཡི།
ཁོ་གིས་ མི་དབང་མཆོག་གི་ ཕྱག་སྒརཔ་སྦེ་ ལོ་༢༠ བརྩིས་ཏེ་ ལོ་༥༢ ཕྱག་ཞབས་ཏོག་ཞུ་བའི་ བསྒང་ཡོདཔ་ཨིན་པས།
རྒྱལ་པོའི་གཟིམ་དཔོན་ཨོ་རྒྱན་ཀེ་རྣམ་རྒྱལ་གྱིས་ མི་དབང་མཆོག་ལུ་ ཅི་ལྕོགས་གང་ལྕོགས་སྦེ་ ཕྱག་དང་ཞབས་ཏོག་ཞུ་བའི་ ངོས་འཛིན་ལུ་ ཐུགས་ངལ་རངས་དང་བཅསཔ་སྦེ་ མི་དབང་མཆོག་གིས་ དཔོན་གཉིས་སྐལ་མའི་ དཔའ་རྟགས་དང་ བཀབ་ནེ་གནང་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།